Friday, 3 May 2019

Happy Teachers' Day


༄༅།། ཞོགས་པའི་ཉི་འོད་ཀྱི་འོག་ཏུ་ ང་ལ་བསམ་བློ་རྒྱ་དང་རྩ་བརྒྱད་འཁོར་བཞིན་པའི་ཁྲོད་ནས་ སློབ་དཔོན་དྲན་ཐེངས་རེར་ ངའི་མིག་ལམ་དུ་བླ་མ་རྣམས་ཀྱི་བཞིན་རས་གསལ་གྱི་ལེར་ཤར་བ་དང་ ངའི་རྣ་ལམ་དུ་ཁོང་ཚོའི་སྐད་གདངས་སྟོངས་ལྷང་ངེར་འཁོར་འོང་གིན་འདུག་པས་ ཁོང་ཚོ་ལ་བཀའ་དྲིན་ནི་ ངས་ཚེ་གང་བོར་སྲིད་ཀྱི་མ་རེད།
སློབ་དཔོན་གྱིས་ རྒྱུ་ནོར་དང་སྟོབས་གོ་ས་ མིང་གཏམ་དང་དབང་ཚད་ལ་སྲེད་པའི་ རེ་བ་ནི་རི་བོང་གི་རྭ། རུས་སྦལ་གྱི་སྤུ། མོ་གཤམ་གྱི་བུ་ལྟར་དུ་ཆུང་ཞིང་ ཐོབ་འདོད་དང་དགོ་འདོད་ཀྱི་བསམ་པ་འདྲེས་མ་མེད་པར་ རྣམ་དག་ཡོན་ཏན་གྱི་དངོས་འགྲུབ་གནང་བ་ལ་ བཀའ་དྲིན་ཉིན་གཅིག་གཉིས་ཙམ་མིན་པར་བསྟུད་མར་ཞུ་ཆོག།
འོ་མ་ལས་དཀར་ཞིང་སྦྲང་རྩི་ལས་ཞིམ་པའི་སེམས་གསོན་པོ་ཞིག་སྦས་ཡོད་པའི་གང་ཟག་ནི་ དྲིན་ཅན་གྱི་སློབ་དཔོན་ཤ་སྟག་ཡིན་པས་ ཡིད་ནས་བརྗེད་མི་ཐུབ་པའི་བཀའ་དྲིན་དགའ་ཚོར་ཞུ།
ཆུ་ཤེལ་དང་འདྲ་བའི་བསམ་པ་ རྡོ་རྗེ་དང་འདྲ་བའི་གཤིས་ཀ་ ཁ་བཏགས་དང་འདྲ་བའི་ངང་རྒྱུད་ རྒྱ་མཚོ་དང་འདྲ་བའི་ཡོན་ཏན་ཅན་ཀྱི་སློབ་དཔོན་ཚོའི་ཉིན་ལ་ དགའ་ཚོར་གྱི་གུས་འདུད་ཞུ་བར་དགེའོ།། །།


At the young morning hour beneath the hanging rays of the sun, I ponder, minds anchored to the hundreds and thousands of rippling thoughts. This moment contains every moment. At every pulse of thoughts, an ace of visions recurrently flashed over my mind are all about my teachers. Every word of praise hanging in the air is of my Teachers. To whom I humbly offer my prayers and gratitude which I can’t afford to forget in my entire lifetime.
The greatness of teachers can’t be fathomed or surmised. What you did, what you do, and what you will do would echo in eternity. From the little inclination towards the wealth, title, post and power, it distinctly shows your base of intend for choosing to travel the path of a teacher. For that, I pay my sincere gratitude for eternity.
The nature of your mind is as bright as the moonlight, as sweet as honey, as clean as milk, as stable as Vajra, as pure as a white scarf and bears the knowledge of an ocean-depth. Hereby, I humbly bow down at your feet with great admiration of deference on this auspicious occasion to wish all the teachers of the past, present, and future ……a Happy Teachers’ Day!