ས་གཉིས་པ་དྲི་མ་མེད་པ་ནི། ས་གཉིས་པ་ལུ་གནས་མི་བྱང་ཆུབ་སེམས་དཔའ་ཚུ་གཉིད་གསད་པའི་སྐབས་ལུ་མ་ཚད་རྨི་ལམ་ནང་ལུ་ཡང་མ་དག་འཆལ་བའི་ཚུལ་ཁྲིམས་ཚུ་ག་ར་སྤངས་ཏེ། མི་དགེ་བ་བཅུ་དང་བྲལ་བའི་ཡོན་ཏན་རྣམ་པར་དག་པ་དང་ལྡན་པ་དང་། ཚུལ་ཁྲིམས་ཕུན་ཚོགས་ལྡན་པའི་རྒྱུ་མཚན་གྱིས་ས་གཉིས་པ་ལུ་མིང་དྲི་མ་མེད་པ་སླབ་ཨིན།
ས་གསུམ་པ་འོད་བྱེད་པ་ནི། ས་གསུམ་པ་བར་ཆད་ལམ་གྱི་མཉམ་གཞག་སྐབས་ཡུལ་བཟུང་བ་དང་འཛིན་པ་གཉིས་སུ་སྣང་བའི་འཁྲུལ་པའི་བུད་ཤིང་སྲེག་པའི་ཡེ་ཤེས་ཀྱི་མེ་འོད་དམརཔ་དང་སེརཔ་འབྱུང་བའི་རྒྱུ་མཚན་གྱིས། མཚམ་དོན་དང་མཐུན་པའི་འོད་བྱེད་པ་ཟེར་སླབ་ཨིན།
ས་བཞི་པ་འོད་འཕྲོ་བ་ནི། ས་བཞི་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལ་རྫོགས་པ་ཡི་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་ལྷག་པར་སྒོམ་པ་ལས་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་འདི་ཧེ་མ་ས་གསུམ་པའི་སྐབས་ཀྱི་བཟང་གི་དཔེ་ལས་ལྷགཔ་འབྱུང་བའི་རྒྱུ་མཚན་གྱིས་འོད་འཕྲོ་བ་ཟེར་སླབ་ཨིན།
ས་ལྔ་པ་སྦྱང་དཀའ་བ་ནི། ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་འཇིག་རྟེན་གྱི་ཁམས་ག་ར་ནང་ལུ་གནས་འདི་ཡོད་པའི་ལྷའི་བུའི་བདུད་རྣམས་ཀུན་གྱིས་ཀྱང་སྦྱང་དཀའ་བའི་ས་ལ་ཕམ་མ་ནུས་པ་ཅིན། གཞན་བདུད་བཀའ་གཉན་ཚུ་ག་གི་ཡང་ཕམ་མི་ཚུབ་ནི་ཨིནམ་ལས་ས་ཡི་མིང་ལུ་སྦྱང་དཀའ་བ་ཟེར་སླབ་ཨིན།
ས་དྲུག་པ་མངོན་དུ་གྱུར་པ་ནི། ས་དྲུག་པ་མངོན་དུ་ཕྱོགས་པར་མཉམ་པར་གཞག་པའི།སེམས་འདི་ཡེ་ཤེས་ལ་གནས་ཤིང་རྟེན་ཅིང་འབྲེལ་བར་འབྱུང་བའི་གནས་ལུགས་ཟབ་མོ་མཐོང་བའི་བྱང་ཆུབ་སེམས་དཔའ་ལུ། སྤྲོས་པའི་མཚན་མ་ཞི་བའི་འགོག་པ་ཐོབ་པ་དང་། ཤེས་རབ་ཀྱི་ཕར་ཕྱིན་ལྷག་པ་ཐོབ་པའི་རྒྱུ་མཚན་གྱིས་ས་ཡི་མིང་ལུ་མངོན་དུ་གྱུར་བ་སླབ་ཨིན།
ས་བརྒྱད་པ་མི་གཡོ་བ་ནི། ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི།ཡང་ནས་ཡང་དུ་སྔར་ས་བདུན་པའི་དགེ་བ་ལས་ཆེས་ལྷག་པར་ཐོབ་པར་བྱ་བའི་ཕྱིར། ས་གང་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཕྱིར་ལྡོག་པ་ཉིད་དུ་འགྱུར་བ་ས་བརྒྱད་པར་འདུ་ཤེས་གཉིས་ཀྱིས་མི་གཡོ་བ་དེ་ལ་བྱང་ཆུབ་སེམས་དཔས་འཇུག་པ་དང་། ཧེ་མ་གྱི་དགེ་བ་ལས་ལྷག་པར་ཐོབ་པ་ལ་ག་དེ་འབད་འཇུགཔ་སྨོ་ཟེར་བ་ཅི། ས་བདུན་མན་ཆད་ལ་རྩོལ་བ་དང་བཅསཔ་འབད་འཇུགཔ་ཨིན་རུ་ལམ་གྲོད་པ་བུལ་བ་ཨིན། ས་བརྒྱད་པ་ནས་རྩོལ་བ་མེད་པའི་ངང་ནས་འཇུགཔ་ཨིནམ་དང་ལམ་ཡང་མྱུར་བ་ཨིནམ་ལས་ས་ཡི་མིང་ཡང་མི་གཡོ་བ་ཟེར་སླབ་ཨིན།
No comments:
Post a Comment