࿑ གསེར་གྱི་གའུ་ནང་དུ།། རེལ་བུ་མང་པོ་མི་དགོས།།
བླ་མས་ཕྱག་ནས་བྱུང་བའི།། བདུད་རྩི་གཅིག་གི་ཆོག་གོ།།
ཚེ་ཐེངས་གཅིག་གི་ནང་དུ།། རྒྱུ་དངོས་མང་པོ་མི་དགོས།།
ཡང་དག་ཆོས་དང་མཐུན་པའི།། སེམས་བཟང་གཅིག་གི་ཆོག་གོ།
མཛེས་པའི་འཇིག་རྟེན་ནང་དུ།། མཛའ་འབྲེལ་མང་པོ་མི་དགོས།།
སྔ་མའི་ལས་ཀྱིས་འཁྲིད་པའི།། མཛའ་མོ་གཅིག་གི་ཆོག་གོ།
No comments:
Post a Comment