Saturday, 1 May 2021

Thank you teacher

 



༄༅། ། བླ་མ་མཁྱེན། དུས་གསུམ་སངྱས་ཀུནའདུས་ངོབོ་ཉིད། །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་དྲིན་ཆེན་རྗེ། །ཐ་མལ་མིར་འཛིན་ཞི་བར་བྱིན་གྱིས་རློབས།

གསང་སྔགས་སུ་དཀོན་མཆོག་ཀུན་འདུས་ཀྱི་རང་བཞིན་ དགོངས་པའི་གཏེར་མཛོད་ཆེན་མོ་ ཐུགས་རྒྱུད་ཡོན་ཏན་གྱིས་ཕྱུག་པའི་སློབ་དཔོན་དྲིན་ཅན་རྣམས་ལ་ རྩེ་གཅིག་འགྱུར་བ་མེད་པའི་སྙིང་གི་དཀྱིལ་དུ་དུས་རྟག་པར་ བཀྲིན་བསམ་དགོས། གང་གིས་ཤེ་ན་ ངེད་ཅག་སློབ་དཔོན་རྣམས་ཀྱི་མ་བཅོས་ཡོངས་འཛིན་གྱི་ཐུགས་དགོངས་ནི་ རྙིང་དུས་འགྲོས་ཀྱི་འགྱུར་ལྡོག་ལས་འབྱུང་བའི་ མང་ཚོགས་ཀྱི་འཆལ་གཏམ། རང་རྒྱུད་ལྷན་སྐྱེས་ཀྱི་ངར་འཛིན། ཀུན་རྟོག་ཉོན་མོངས་ཀྱི་དྲི་མ། དོན་མེད་རྣམ་རྟོག་གི་འཕྲོ་འདུ་སོགས་ཅི་ཡིས་ཀྱང་མ་གོས་པར་ མཁའ་མཉམ་འདུལ་བྱ་ཡོངས་ལ་ དམ་པའི་ཆོས་ཀྱི་བྱིན་འབེབ་གནང་བཞིན་དུ་ དམ་ཚིག་ཡང་དག་བཙོ་མ་གསེར་གྱི་ཡང་ཞུན་འདི་ལ་ དུས་ཀུན་ཏུ་འགྱུར་བ་མེད་པའི་ངང་དུ་བྱིན་གྱིས་རླབས་ཏེ་ བཞུགས་པས་ཡིན།

རང་ཉིད་ཆུང་ཆུང་ནས་ད་བར་སྔོན་བསགས་ལས་ཀྱི་བགོ་སྐལ་ལེགས་ཞིང་ སློབ་དཔོན་སྣ་མང་དང་འཕྲད་པས་ བྱམས་རྩེ་བདེ་སྐྱིད་ཀྱི་ཚོར་སྣང་རྣམས་ ཉི་མ་སྤྲིན་གསེབ་ནས་འཐོན་པའི་འོད་ཟེར་མཁའ་ལ་རྒྱས་ཤིང་མུན་པ་སྨག་རུམ་མཐའ་དག་གསལ་བ་ལྟ་བུའི་མྱོང་ཚོར་ལ་བརྟེད་ནས་ རང་ཡང་དགའ་བའི་མེ་ཏོག་སྙིང་ལ་བཞད་པ་སྨོས་ཅི་དགོས་ དད་པའི་བ་སྤུ་གྱེན་ལ་གཡོ་ཞིང་ སེམས་ལ་བདེ་སྐྱིད་ཀྱི་འཚོར་བ་ནི་བརྗོད་དུ་མི་ཤེས་པ་ཞིག་སྐྱེས་བྱུང་།

དེར་མ་ཟད་ སློབ་དཔོན་གྱིས་ ཕ་ལས་ལྷག་པའི་གདེང་སྟོབས་ལུས་ལ་བརྩལ། མ་ལས་ལྷག་པའི་བྱམས་བརྩེའི་བླ་སྲོག་ཟུངས་དུ་རྟག།པ་དང་ བྱིས་དུས་ཀྱི་རྩེད་རོགས་ གཞོན་དུས་ཀྱི་གྲོས་རོགས་དང་རྒས་དུས་ཀྱི་སེམས་པ་འཁོར་ས་ཡིན་པས་ མདོར་ན་ གནས་སྐབས་ཀྱི་ཟས་གོས། མི་ཚེ་ཡི་མདུན་ལམ། རྨོངས་གསལ་གྱི་སྒྲོན་མེ། སེམས་ཤུགས་ཀྱི་རྩ་བ། མཐོས་བསམ་གྱི་ཤེས་རབ། དང་ ཉིན་མོའི་སེམས་རྟན་དང་མཚན་མོའི་རྨིས་རྟན་ཡིན་ལ་ ཕྱོགས་བཅུ་ན་བཞུགས་པའི་ དྲིན་ཅན་གྱི་སློབ་དཔོན་ཡོངས་ བསྟན་དང་འགྲོ་བའི་དོན་དུ་ སྐུ་ཚེ་རིང་ཤིང་མཛད་པ་འཕྲིན་ལས་དར་ཞིང་རྒྱས་པའི་སྨོན་ལམ་ དགའ་ཚོར་གྲངས་འདས་ཀྱི་ངོས་ནས་འདེབས་པར་དགེ།། །།

 

Guru, care for me!

The embodiment of all the Buddhas of the past, present, and future

To the one who is endowed with the trinity of grace­

From the bottom of my heart, I supplicate, dear benefactor

To that poor man, favor, and shower him peace 

In Vajrayana, teachers are considered as the embodiment of all the Buddha-the mind treasure-trove and heart-full of wisdom­­, for them we must be grateful and supplicate unflinchingly. At this degenerating age, our teachers are the ones who actually don’t let their minds get tainted by the changing forces like gossips from the mass, innate pride, afflictions that dim the conscience, and the worthless thoughts of projection and withdrawal, so on and so forth. They entirely focus on tending every sentient beings and consistently pursue upholding the unalloyed and refined solemn vow (Samaya) between them and their students.    

From young age till now, with the force of my past karma, I had the magnificent opportunity to meet with such countless teachers. With this, the sense of affection and kindness brewed in me like a sun appearing from the thick cloud emitting countless rays across the sky and clearing the entire haziness. It has to the great extent, infused in me the effect of peace which remains beyond words to describe. It has also blossomed the flower of happiness at my heart and gave me goosebumps incited by the growing within the profound regard. 

All the more along these lines, teachers…more than one’s father, he adorns the students with confidence and power, more than one’s mother, he strengthens student’s life force with love and care, and he is a playmate for youngsters, friend for adolescents and focus of assistance for senior individuals. To put it plainly, he is the basic elements of sustenance, the way of life, lamp for ignorance, source of inspiration, wisdom for the intellect, and mental attendant in the daylight, and a mentor for Dream at night.

Against this foundation, for all the teachers dwelling in the ten directions, for the cause of Buddha dharma and every sentient being, I implore…

May you live long and have a prosperous life.

 

HAPPY TEACHERS’ DAY!

 

 

 

 

 

    

 

 

 

 

 

No comments:

Post a Comment