༆ ང་ནི་འཛམ་གླིང་ཡངས་པའི་གླིང་ལ་བསྐོར་སྐོར་བྱེད་དེ་ཁྱམས་པའི་སྤྲང་པོ་ཅིག་ཡིན། མི་ལོ་དུ་མར་མི་ཚེ་འཚོ་བཞིན་པའི་བུ་རང་གིས་ཡོད་ཚད་འཚོ་བའི་ཆ་རྐྱེན་སྐོར་རྩད་ཞིབ་དང་ཐབས་ལམ་གསར་དུ་རྟོགས་ཐབས་བྱེད་ཞིང་། འགྲུལ་བཞུད་ཀྱི་འཚོ་བའི་འཁོར་སྐྱོད་ཁྲོད་འཁུར་ཡོང་བའི་སུན་སྣང་ངམ་ནང་སེམས་ཀྱི་ནག་ནོག་དག་ལ་གཙང་སེལ་བྱེད། དེར་མ་ཟད་ངལ་ཞིང་དུབ་པའི་ལུས་ལའང་ སྟོབས་ཤུགས་ཁ་སྣོན་འཕར་ཏེ་ཡང་བསྐྱར་སྤྲང་པོ་རང་ནི་ཡ་ཡུད་ཀྱི་ལམ་དུ་སྙེག་པར་བྱེད།
ཡ་ཡུད་ཀྱིལམ་དུ་འཇུག་ནས་སྤྲང་པོ་རང་ལ་ལྷིང་འཇགས་སམ་ཞི་འཇགས་ཀྱི་དབེན་གནས་བསྐྲུན་ལ། ལུས་ངག་ཡིད་གསུམ་ལ་འཛིན་པའི་སྡུག་བསྔལ་དང་ཕྱི་ནང་གསང་གསུམ་དུ་གནས་པའི་བར་ཆད་ཆ་ཚང་སོས་དལ་བག་ཕེབས་ཀྱི་སྣང་བའི་མཁའ་རུ་ཡལ་བ་ལྟ་བུའི་ཚོར་སྣང་སྦྱིན།
ས་ནག་པོ་འདོམ་གྱི་འཇལ་ཞིང་སྤྲིན་དཀར་པོ་ཐོད་ལ་བཅིང་ནས་ སྐྱ་རེངས་དང་ས་སྲོད་ཀྱི་མཚམས་འགྲུལ་བཞུད་བྱེད་ཚེ་ངེས་ཏག་ཏག་ཚོར་བའི་གཏིང་རིམ་ནས་བཤད་མི་ཤེས་པའི་ཚོར་བ་དེ་ནི་ངོ་མ་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་རེད་། ཚོར་སྣང་དེ་ནི་ས་ཐག་གི་ཁྱམས་པོས་མ་གཏོགས་སུས་ཀྱང་རྟོགས་མི་སྲིད།
དྲན་གདུང་། སྐྱོ་གདུང་། མནར་གཅོད་ག་འདྲ་ཞིག་གིས་རང་ལ་མནར་ཅིང་། དམིགས་གསལ་ངེས་ཅན་འགྲོ་ཡུལ་རྩ་བ་ནས་མེད་པའི་ལམ་ན་ཁོ་ལ་ག་དུས་ཡིན་ཡང་འདུག་རོགས་བྱེད། ཉིན་ལྟར་འཇིག་རྟེན་གྱི་འཛིང་དང་འབྲལ་བའི་དབེན་པའི་འགྲོ་ལམ་ཁྱེད་ནི་ངའི་ནམ་ཡང་ལམ་རྒྱུས་བྱེད་མཁན་ གྲོས་བཏབ་གྱིན་པའི་སློབ་སྟོན་པ་ཁྱད་དུ་འཕགས་པའི་ཤེས་རབ་མངའ་བ་སྟེ། ང་ནི་ག་དུས་ཡིན་ཡང་ཁྱོད་ཀྱི་རྗེས་སྙེག་བཞིན་པའི་འགྲུལ་པ་སྟེ་ཡིན། ང་ནི་ཡ་ཡུད་ཀྱི་ཆེད་དུ་འཆི་འང་མྱོང་ལ་གསོན་འང་མྱོང་།
I am a person who has been travelling on
this planet for some time. I have spent many years examining all avenues available and
seeking out new means of livelihood. Amidst all, this journey has removed from me
the worldly arousal and anchors of animosity. Additionally, the worn-out,
battered body has restored its vigour to continue with this adventure.
Embracing this route has
brought me tranquillity and contentment. All of my troubles and hardship became
apparent to me at this point, and all of the obstacles I had been facing within, without, and hidden domains vanished into the void of peace and
pleasure.
I have been travelling
and measuring the earth's and the sky's length at dusk and dawn, and this has
enabled me to experience those lovely sentiments one could ever desire to have.
Adventurers are the only ones who can truly understand such experiences.
Nostalgia, despair, and whatever other
tribulations I may encounter, graciously befriend me as a traveller who has no
definite destination. Be my mentor and counsellor, endowed with excellent
wisdom, and kindly escort me along the serene journey that is free of all the mundane
commotion. I shall be your ardent pursuer and traveller no matter where I am.
Both my life and my death will be devoted to this quest.
No comments:
Post a Comment