Thursday, 27 April 2017

Gross National Happines

༼རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས༽
འཇིག་རྟེན་ནོར་གྱི་གཏེར་མཛོད་ནང་།། འདོད་པ་སུ་ཆེ་སྡུག་བསྔལ་ཆེ།། མཆོག་ཤེས་སུ་ལྡན་བདེ་བ་མཆིས།། དགའ་སྐྱིད་བདག་བློའི་སྟེང་ནས་ཤར།། ཟེར་བའི་མངོན་བརྗོད་དང་བཅས་ ཁྱད་པར་འཕགས་པའི་མཐུན་མོངས་དང་འབྲལ་བ་ ཡོད་ན་མཆོག་དང་མེད་ན་ཐབས་ཆགས་པ། ནད་རྒྱ་དང་སྨན་གཅིག་ལྟ་བུ་ བྱང་སེམས་སྤྲུལ་པའི་ཐུགས་ལས་འཁྲུངས་པའི་ དགོངས་གཏེར་འབྱིན་ཅན་བླ་ན་མེད་པའི་ལྟ་བ་བཟང་པོ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་ ད་རེས་ཆོས་འཚིགས་ཀྱི་དབུས་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་འབྱུང་མི་ལུ་ བསྐལ་ལྡན་ལས་འཕྲོ་ཅན་ག་རའི་ སྤྱི་མཐུན་ཚོགས་རྒྱ་ཆེན་པོ་བསགས་ཡོད་པའི་ རྟགས་དང་བརྟེན་འབྲེལ་བསྒྲིགསཔ་ཨིན།

ཡང་བདག་པའི་ལྟ་བ་འདི་ལུ་ཡོན་ཏན་ནི་ ནམ་མཁའ་ལྟར་རྒྱ་ཆེ་ རྒྱ་མཚོ་ལྟར་ཚད་མེད་ ཆུ་ཀླུང་ལྟར་ཤུགས་ཆེ་ རི་རྒྱལ་ལྟར་བརྟེན་ཏོག་ཏོ་ཡོདཔ་ལས་ ཚེ་ད་རེས་ནད་ཡམས་མུ་གེ་དང་དམག་ཁྲུགས་བཞིས་ དབུལ་ཕོངས་ཀྱི་དཀའ་སྡུག་བསལ་ བཀྲིས་ཕུན་སུམ་ཚོགས་ ཆར་ཆུ་དུས་སུ་བབས་ ལོ་ཕྱུགས་རྟགས་ཏུ་ལེགས་ནི་ཨིནམ་མ་ཚད་ ཚེ་ཕྱི་མ་ མངོན་མཐོ་ལྷ་དང་མའི་བདེ་བ་ མཐར་ཐུག་མྱང་འདས་སངྱས་ཀྱི་འགོ་འཕང་ཐོབ་ཚུགས་པའི་ སྦྱིན་རླབས་མཁོ་ན་ཡོདཔ་ཨིན།
འ་ནི་བཟུམ་གྱི་འབྲས་བུ་ དངོས་སུ་མཚད་མ་སྦེ་སྨིན་དགོ་པ་ཅིན་ ལག་ལེན་དང་ལྟ་བ་ཕྱིན་ཅི་མ་ལོག་པར་ གཡག་ཏོག་གི་རྩ་བཟའ་བ་ལྟར་བརྩོན་ཞིང་ ཟླ་བ་སྤྲིན་འབྲལ་ལྟ་བུའི་འབྲས་བུ་མྱོང་དགོཔ་ཨིན།
དེ་ཡང་ བློ་སླབ་པ་མི་གཙོ།། ཉན་ལ་གཙོ།། ཟེར་གསུངས་ཡོདཔ་བཞིན་ དང་པ་བརྟག་ལ་མཁས་ བར་དུ་བརྟེན་ལ་དགོངས་ མཐའ་མ་ཉམས་སུ་བླང་ལ་བརྩོན་དགོཔ་ལས་ འདི་གི་ཀ་ཆེན་བཞི་ཧ་དགོ་ནི་འདི་ དམིགས་གསལ་གྱི་ཁག་ཆེཝ་ལས་ བཅུད་བསྡུས་སུ་ཅིག་སྦེ་བཤམ་གསལ་བཀོད་ནི་ཨིན།

དང་པ་ སྐད་རིག་དང་ལམ་སྲོལ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་འབད་ནི་
འདི་ལུ་ ལུང་པ་སོ་སོའི་འགྲོ་ལུགས།། རྒྱལ་ཁབ་སོ་སོའི་བྱ་གཏང་།། ཟེར་སླབ་སྲོལ་ཡོདཔ་བཞིན་དུ་ རྒྱལ་ཁབ་ཆེ་ཆུང་སུ་ཡིན་ཀྱང་།། ཆོས་དང་རིག་གཞུང་བསམ་སྤྱོད་སོགས།། གཅེས་ཤིང་གོང་འཕེལ་མ་གཏང་ན།།
རྩ་བ་རུལ་པའི་སྡོང་པོ་བཞིན།། མི་འདོད་བཞིན་དུ་འགྱེལ་བར་འགྱུར།། ཟེར་གསུངས་ཡོདཔ་བཟུམ་ རང་གི་ལམ་དང་ལུག་སྲོལ་བདག་འཛིན་འཐབ་ཞིནམ་ལས་ རྒྱལ་ཁབ་རང་བཙན་གྱི་ངོ་རྟགས་སྲུང་སྐྱོབས་ལུ་ཕན་ཐོགས་སྦོམ་ཡོདཔ་འབད་དགོཔ་ཨིན།
གཉིས་པ་ རང་བཞིན་གནས་སྟངས་ སྲུང་སྐྱོབས་འབད་ནི་
ཕྱི་མཛེས་པའི་རྒྱན་ ནང་གསོ་བའི་སྲོག་རྩ་ མཐའ་དག་ལས་སྲུང་བའི་ལྕགས་རི་ བར་དགའ་དགུ་སྤྱོད་སའི་གནས་ཆེན་ཕུན་སུམ་ཚོགས་པ་འདི་ སྟོབས་དཔལ་འབྱོར་གྱི་འབྱུང་ཁུངས་དང་ མ་འོངས་བུ་སློབ་ཡོངས་ཀྱི་སྤྱི་ནོར་ཨིནམ་ལས་ བཛེས་ཞིང་བལྟ་ན་སྡུག་པ་ ཐོས་ན་སྙན་གགས་ཆེ་བ་ བསམ་ན་དཔའ་ཉམས་ལྡན་པ་ བསྒོམ་ན་རིག་པ་དངས་བའི་ སྐྱེད་མཚལ་ཚུ་ རྩ་ཁྲིམས་ཆེན་མོ་ནང་འཁོད་པ་བཞིན་ རྒྱ་ཆ་ ༦༠ ཐམ་པ་འདི་ག་དེ་འབད་རུང་ བདག་འཛིན་འཐབ་ཚུགསཔ་འབད་དགོཔ་ཨིན།

གསུམ་པ་ ཡུན་གཏན་ཡར་རྒྱས་ཀྱི་གཞི་རྩ་
འཕྲལ་རྒྱལ་ཁབ་ཀྱི་དཔལ་འབྱོར་ ག་ཅི་ཨིན་རུང་ ཤོ་དང་ཆང་ལ་སྲེད་ན་དོ་མེད།། རང་དོན་ཁོ་ན་གཉེར་ན་རྨོངས་རྟགས།།ཨིནམ་ལས་ མ་འོངས་པའི་མི་རབས་ ཕ་ལས་བུ།། བུ་ལས་ཚ།། འཕྲོ་སྐྱངས་ཏེ་ ལོངས་སུ་སྤྱོད་ཐུབ་བཟོ་ནི་ལུ་ དམིགས་གཏད་དང་དམིགས་ཡུལ་བསྐྱེད་བའི་ཐོག་ཕྱག་ལཱ་མཛད་ནི་འདི་ཤིན་ཏུ་ནས་གལ་ཆེ།
བཞི་པ་ གཞུང་སྐྱོངས་ལེགས་ལྡན་
འཛམ་གླིང་རྒྱལ་ཁབ་རེ་རེ་ནང་ རང་སོའི་སྐྱོངས་ལུགས་མ་འདྲ་བའི་ཁྱད་པར་ལས་ ཁྲིམས་སོ་སོ་ཡོདཔ་བཞིན་དུ་ རང་རེ་འབྲུག་རྒྱལ་ཁབ་ནང་ དུས་ཀྱི་འཕོ་འགྱུར་དང་བསྟུན་ དམངས་གཙོའི་རིང་ལུགས་གཞི་བཙུགས་མཛད་ཡོདཔ་ལས་ སྤྱིར་ཡར་རྒྱས་ཀྱི་གོམ་པ་མདུན་དུ་སྤོ་དགོ་པ་ཅིན་ ངེས་པར་དུ་གཞུང་སྐྱོངས་ལེགས་ལྡན་ བསྒྲིང་བསྒྲིང་དགོཔ་ཨིན། འདི་ནང་ལུ་གཙོ་བོ་ཅིག་ གོང་མའི་སྐྱོངས་ལུགས་བྱམས་བརྩེ་མཐའ་ཚིག་མེད་པ་/ཆ་རྐྱེན་མེད་པ་ བར་མི་སེར་ནང་དོག་ཆུ་དང་ཨོ་མའི་དུས་ཤེས་ འོག་མས་གོང་བཀུར་ལྷག་བསམ་རྣམ་པར་དག་པའི་ཐོག་ལས་འབད་དགོཔ་ཨིནམ་ལས་
འདི་ཚུ་མི་རེ་རེ་བཞིན་གིས་ སེམས་གར་བཞག་སྟེ་ཕྱག་ལཱ་གནང་ཚུགས་པ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དར་ཞིང་རྒྱས་ རྒྱལ་ཁབ་མངའ་ཐངས་འཕེལ་བའི་རྒྱལ་མཚན་བསྒྲེངས་ འབངས་རྣམས་དགའ་སྐྱིད་དཔལ་སྤྱོད་ཉི་མ་ཤར།། །། དགེའོ།།

Natural Disaster

༆ སྔོན་ཐོག་མ་མེད་པ་ ས་ཆགས་གནམ་ཆགས་ཀྱི་དུས་ལས་ཚུར་ སེམས་ཅན་ཀུན་གྱི་ལས་འབྲས་ཀྱི་མཐུ་ལས་ རྒྱུ་དང་རྐྱེན་ཕུན་སུམ་ཚོགས་པར་རྒྱས་ཏེ་ རིམ་བཞིན་ཕྱི་སྣོད་ཀྱི་འཇིག་རྟེན་དང་ ནང་བཅུད་ཀྱི་སེམས་ཅན་ཚུ་ འབྱུང་བ་བཞིའི་ཆ་རྐྱེན་ལས་བརྟེན་འབྱུངམ་ལས་ ད་རེས་མངོན་གསལ་ལུ་ ལྷོ་འཛམ་བུ་གླིང་ཟེར་ཡོངས་སུ་གྲགས།
འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ།། ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་ལོ།། ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པའོ།། ཟེར་གསུང་ཡོདཔ་བཞིན་ ཆོས་ག་ར་མི་རྟག་པ་ ངོ་བོ་རང་མཞིན་མ་འགྲུབ་པ་ལས་བརྟེན་ སྐད་ཅིག་མ་གཅིག་ཙམ་གྱི་རིང་ལུ་ འགྱུར་འགྱོ་བཞིན་ཡོདཔ་ལས་ སའི་ཁམས་ མེའི་ཁམས་ ཆུའི་ཁམས་ རླུང་གི་ཁམས་ཟེར་ འབྱུང་བཞིའི་ལྷ་མོ་ཚུ་འཁྲོས་ཏེ་ མ་སྒྲིག་པའི་བསྒང་ལས་ གློ་བུར་གྱི་རྐྱེན་ངན་བར་ཆད་ ལེ་ཤ་འབྱུང་དོ་ཡོདཔ་ཨིན།
ད་རེས་འཛམ་གླིང་གཅིག་འགྱུར་གྱི་ལས་སྣ་ཚུ་ལས་བརྟེན་ འབྱུང་བ་བཞིའི་སྦྱིན་རླབས་ཚུ་ཕངས་སི་སི་སྦེ་ཉམས་འགྱོ་བའི་དུས་ལུ་ལྷོདཔ་ད་ སྔ་ཕྱི་གང་ལ་ཡང་མི་སྲིད་པའི་རྐྱེན་ངན་ ཐོས་མྱོང་མེད་པའི་ནད་གཞི་ དྲན་མྱོང་མེད་པའི་སྡུག་བསྔལ་ཚུ་ རྣམ་རྟོག་མེད་པའི་རི་ལས་ཆརཔ་བཟུམ་ རང་གི་མདུན་དུ་འཕྲལ་དང་མྱུར་དུ་ འཐོན་འོང་མི་འདི་ཡང་ རང་རེ་འཇིག་རྟེད་ཁྱིམ་པ་རྣམས་བསོད་ནམས་ཟད་པའི་བརྡ་ ཨྱོ་རྒྱན་གུ་རུས་ དུས་རྙིང་མ་ལུ་ལྷོདཔ་ད་ མ་རུང་ལྷ་སྲིན་དུག་པས་ འབྱུང་བ་ཆུ་ལུ་འཐྱིམ་སྟེ་ཆུའི་འཇིགས་པ་འོང་ འབྱུང་བ་མེ་ལུ་འགྱུར་ཏེ་མེའི་རྐྱེན་ངན་ཆེ་ འབྱུང་བ་ས་ལ་འཛུལ་ཏེ་སའི་འཇིགས་པ་འཕེལ་ རླུང་ལ་སྤྲུལ་ནས་རླུང་ཚུབས་ཆེ་ཟེར་ གསུངས་ཡོདཔ་ཨིན།
དེ་བསྒང་ དད་པ་ཅན་གྱི་གང་ཟག་ཕོ་མོ་ལ།། པད་འབྱུང་གང་ན་ཡང་མེད་དོ་མགོ་བསྐྱལ་ཡོད།། སྙིང་ནས་ང་དང་མ་འབྲལ་གསོལ་བ་འཐོབ།། ཟེར་གསུངསམ་ལས་ བློ་ཕ་ལ་མི་འདྲི། དྲོས་མ་ལ་མི་བྱེད། ཐག་རང་གི་མི་བཅད། བློ་དཀོན་མཆོག་གསུམ་ལུ་གཏད་ ལས་འབྲས་བསླུ་བ་མི་སྲིདཔ་བཞིན་དུ་ ཆོས་སྐྱོང་སྲུང་མ་རྣམས་ལུ་ཕྱག་མཆོད་དང་ མར་ངན་སློང་རྣམས་ལུ་སྦྱིན་པའི་དགེ་རྩ་གང་མང་འགྲུབ་པའི་ ཞབས་རྟོག་ཞུ་ཚུགས་ན་ རྐྱེན་ངན་ལས་བཟློག་ཚུགསཔ་ཨིན།
དེ་བཟུམ་སྦེ་ ལྟ་བ་དང་འགྲུབ་བྱེད་ལུ་ལྟད་པའི་ཕྱི་རོལ་མཚན་རིག་ཀྱི་ལུགས་ལས་ཀྱང་ འབྱུང་བ་བཞི་ལུ་ཐོ་ཕོགས་མི་ལུ་བརྟེན་ འཛམ་གླིང་ཚ་དྲོད་ཡར་འཕེལ་སོང་བའི་ནད་དོན་ཚུ་ དཀའ་བ་ཁྱད་དུ་གསད། ངལ་བ་དང་དུ་བླང་། ལྕི་བ་རྒྱབ་ཏུ་འཁུར་ཏེ། མི་དམངས་ལུ་ སླབ་སྟོན་དང་གསལ་སྟོན་འབད་བའི་ཤུལ་ འདི་ལས་བརྟེན་པའི་མནོ་མ་ཚུགས་པའི་ཉེན་ཁ་ བཟོད་མ་ཚུགས་པའི་ཚ་གང་ མྱོང་མ་ཚུགས་པའི་དཀའ་ངལ་ཚུ་ ག་བཟུམ་རང་ཡོདཔ་ཨིན་ནའི་བསྐོར་ ཁྱབ་སྤེལ་མཛད་བཞིན་ཡོདཔ་ཨིན།

རྒྱུ་མཚན་འདི་འབདཝ་ལས་བརྟེན་ དལ་གྱི་བབས་པའི་ཆུའི་འགྲློ་བ་དང་ གཞན་མི་དང་སེམས་ཅན་ཆ་མཉམ་ལུ་གནོདཔ་མ་ཚད་ བརྩོག་རླུང་ལས་བརྟེན་པའི་ནད་གཞི་འདྲ་མིན་སྣ་ཚོགས་འཐོན་ ལྷག་པར་དུ་ ནག་སྟོང་དང་རི་སྟོང་ཐམས་ཅད་ མེ་གིས་ཚིག་པའི་བསྒང་ལས་ མི་དང་སེམས་ཅན་ལུ་གནོདཔ་ཨིནམ་འདི་ལོས་ཀྱང་ ནོར་བུ་དགོས་འདོད་སྤུངས་འཇོམས་འདྲ་བའི་རང་བཞིན་གནས་སྟངས་ཚུ་ མིང་མེད་ཐལ་བར་འགྱུར་འགྱོཝ་ད་ བློ་ཕམ་པའི་གཞི་ངོ་མ་ཅིག་ཨིན་མས།
ནཱད་མ་འོང་གོང་བཟློག་ཐབས།། ཆུ་མ་འོང་གོང་ཡུར་བ།། ཟེར་བའི་སྲོལ་བཞིན་ རང་བཞིན་གྱི་རྐྱེན་ངན་ ག་བཟུམ་ཨིན་རུང་ དི་གི་སྐོར་ལས་ ཉེན་ཁ་དང་ཟློག་ཐབས་ལུ་ ཐབས་དང་གནས་སྐབས་ ལཱ་དང་བྱ་བ་ག་ཅི་རང་འབད་དགོཔ་འདུག་གའི་སྐོར་ དག་གསལ་ཏོག་ཏོ་སྦེ་ མི་དམངས་ལུ་ བསླབ་བྱ་རྐྱབ་དགོཔ་ཨིན།
སྒོས་སུ་རྐྱེན་ངན་ཚུབས་ཅན་གྱི་ས་གནས་ཚུ་ནང་ ཆུ་རུད་བཀག་པའི་ཐབས་ཤེས་ ས་རུད་བཟློག་པའི་གནས་སྐབས་ མེ་རྐྱེན་སྲུང་བའི་བརྡ་བཀུལ་ རླུང་ཚུབས་སྐྱོབ་པའི་ཉེན་བརྡ་ཚུ་ འབྱིན་དགོ་པའི་ཁར་ གཞུང་སྒེར་དང་མི་དམངས་རེ་རེ་བཞིན་ལུ་ འབད་མཆོག་མ་མཆོག་པའི་ འགན་འཁུར་དང་རྩ་ཁྲིམས་ཚུ་ མ་བཏུབ་བཏུབ་ཡིག་ཐོག་བཀོད་པའི་ཤུལ་ ཁྱབ་སྤེལ་འབད་དགོཔ་ཨིན།
ཉེན་སྐྱོབས་དང་ཚད་འཛིན་ ལས་སྡེ་དང་ལས་ཁུངས་ ཚོགས་ཕྲན་དང་ཚོགས་པ་ལ་སོགས་པའི་ འགོ་འཁྲིདཔ་ཚུ་ཡང་ སེམས་ལུ་ཚ་གང་མོ་གུས་ཐོག་ཏུ་འབག་དགོཔ་མ་ཚད་ ཚེ་སྲོག་ལུ་གནོད་ཉེན་ཆེ་བའི་གནས་སྟངས་དང་ས་གནས་ཚུ་ དབྱེ་ཞིབ་མཐྱིལ་འཕྱིན་འབད་དགོཔ་ དཔེར་ན་ས་ཡོམ་བཟུམ་ཅིག་ཨིན་པ་ཅིན་ འདི་ལས་འཛེམས་ཚུགས་པའི་ཐབས་ཤེས་ ཁྱིམ་གྱི་བཟོ་བཀོད་དང་ ཁྱིམ་རྐྱབ་ནིའི་ཅ་ཆས་ཀྱི་རྒྱུ་ག་བཟུམ་དགོཔ་ཨིན་ན་ཚུ་ སེམས་ཁར་ངེས་ཐོག་ མི་དམངས་ལུ་ཁྱབ་སྤེལ་འབད་དེ་ ཉེན་སྲུང་འབད་དགོཔ་ཨིན།

གཞན་ཡང་ ཕྱི་ནང་གཉིས་ཀའི་མཚན་རིགས་མཁས་མཆོག་ཚུ་དང་འགྲློས་བསྟུན་འབད་ཐོག་ རང་བཞིན་རྐྱེན་ངན་བལྟ་ལྟོག་འབད་བའི་ཕྱིར་ འབྱུང་ན་ ནང་འཁོད་བཟོ་བསྐྲུན་འབད་ཡོད་པའི་འཕྲུལ་ཆས་ དེ་མིན་ ཕྱི་རྒྱལ་ལས་མཁོ་སྒྲུབ་འབད་བའི་ཕྲུལ་ཆས་ཚུ་ གཞི་བཙུགས་འབད་དགོཔ་དང་ རང་བཞིན་རྐྱེན་ངན་མཁས་མཆོག་ཚུ་ ཕྲལ་རྒྱལ་ཁབ་ནང་དཀོན་དྲགས་ཨིནམ་ལས་ ཆོས་ཚན་འདི་ནང་སླབ་སྦྱང་དང་སྦྱོང་བརྡར་འབད་བའི་ཕྱིར་ ན་གཞོན་སློབ་ཕྲུག་ཚུ་ཕྱི་རྒྱལ་ཁབ་ཚུ་ནང་བཏང་དགོཔ་ཨིན།
མདོར་ན་ འགྲློ་བ་མནོ་ཅན་དང་མནོ་མེད་ག་ར་གི་ ཚེ་སྲོག་བརྐུ་བའི་རྐྱེན་ རྒྱལ་ཁབ་དང་མི་སྡེ་ལུ་གནོད་པའི་འཕུང་ ཞི་བདེ་དཀྲུགས་པའི་འཇིགས་པ་ འབྱུང་བཞི་འཁྲུག་པའི་ལྟས་ངན་ ག་བཟུམ་འབྱུང་རུང་རྒྱལ་ཁབ་གྱི་དཔལ་འབྱོར་དང་མི་སྡེ་དགའ་སྐྱིད་ལུ་ཐོ་སྦོམ་ཕོག་ནི་ཨིནམ་ལས་ མཐའ་དབུས་མེད་པའི་མི་ཐ་ར་ལུ་ གལ་ཆེན་དོན་ཆེན་ཅིག་སྦེ་ཞུཝ་ཨིན།
མ་ཚད་གོང་གི་བཤམ་གསལ་ནང་ལུ་བཀོད་ཡོད་པའི་ནད་དོན་ཚུ་ལག་ལེན་སྟར་ཚུབ་པ་ཅིན་ འཕྲལ་གནས་སྐབས་ཀྱི་རྐྱེན་དང་བར་ཆད་ཚུ་བསལ་ཞིང་ ཚེ་ཕི་མ་ཐར་པ་སངྱས་ཀྱི་འགོ་འཕང་ལུ་ ལས་དོན་འདི་གྱི་ཐོག་ལས་འབད་འགྲུབ་ཚུགས་ཟེར་ཞུ་ནི་ཨིན།། །།
ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུས་ལུས་ཉེན་ཅིང་འཇིག་པའི་དུས་བྱུང་ཚེཿ ཡིད་གཉིས་༴ ཨྱོན་འབྱུང་བ་བཞ་ཡི་ལྷ་མོར་བཅས༔ འབྱུང་བ་རང་སར་ཞི་བ་ཐེ་ཚོམ་མེད༔ ཨྱོན་པདྨ༴ བསམ་པ༴ །། །། དགེའོ།།

Monday, 10 April 2017

How do we celebrate Birth day???



How do we celebrate Birth day???

With the might of pre amassed collection of the sublime merit, we acquired this human body characterized by the composition of four elements. We have acquired this precious life through the transference of various previous life, so one must develop a sense of gratefulness to it. Life comes and goes as it’s nature is never meant to be mortal. We qualified to visit this earth through the entrance of birth and need to abide by the intrinsic nature of death. Based on the cause and conditions people are born on different occasions making the day most special for each.

In present generation celebrating birthday has become some sort of trend whereby people develop kind of notion without celebrating it would be mistake and incomplete. Hence they try to mark the day making it most colorful and memorable one. Celebrating birthday has become popular to the large extent in our country too although this culture came all the way form west. Usually, it is an occidental culture that has flourished everywhere. Today we everyone celebrating their birthday pompously irrespective of culture, religion, and creed. It has become omnipotent custom - the day of celebration, the day of happiness and the day of reflection is undermined by the festive mood for most people. Many tend to forget to look back and thank god; look forward and trust God; be at present and supplicate god as it is the only reason we are standing at the moment in sound health.

It is also a day we should appreciate for past deeds and set forth to make and start whatever we do effectively  and beneficial for every sentient beings. Thank parents, teachers, friends and everyone for their limitless support on this account that you are able to complete one year round and could celebrate your birthday. Never forget to pray for everyone's longevity hereafter and wish and recite to be blessed with the same function in coming years. And always handle with harmonious balance between idealism and materialism for the celebration of our birthday. 

PARENTS LOVE CUM MY DUTY



PARENTS LOVE CUM MY DUTY

“Miles of journey begins by a single step and faster you go lesser the distance will be,” thereby everything emerges from a minute particles and any events begins from a simple steps. From the initial phase by crawling on the ground I entered teenage and reached the stage of manhood today. However, fainter it becomes of the vision back towards initial start of my life. But out of all I can clearly picture when my mom and dad lovingly piggybacked me, every time providing delicious foods and wrapped me with soft and beautiful cloths. As a darling son I became to be a great orator to them and needless to say how they are to me as a wish full filling gem. The test of love, methods of care and deals of situation are most precious gift that I ever received from everyone. It will always remain compareless by anything under this sun against their love and care. I’m shaped with best quality of etiquette and equipped with bountiful lifelong lessons. Since then they paved my path graciously and I would always strive to never to keep any stone unturned.

There had never been any occasion which let me see my future. Anyhow I’m already through lines all over the pages of life that keeps reminding me life as flowing river down the valleys. But sadly, so far I could do nothing big in return to all the favors of my parents.


Whatsoever when graceful rays of fortune illuminates all sort of difficulties, It brightens every nooks and corner of my life descending calmness within me. That is to whom I owe hearfelt gratitude to my beloved parents and government who always followed me to pick up when I fall, guide me when I take wrong turn and correct me when I’m wrong.

Therefore, I’ve been doing and I will endure every time any circumstances that lie ahead of me. Whatever, maybe the condition, my focus would be upright to tour all the unreached places to outshine the whole world. Life like vehicle is mine who carries heavy load of duties and ever ready to achieve it. But the fact is that unless I take it in a positive and righteous manner it will nullify all the sacrifices everyone has invested in me.

Part III, God/Goddess, Haven



God/Goddess, Haven 
Part III
22/9/16
Hey son,
You’re in the place where you can apparently see what your fate has got in the store for you based upon what you have done while back in the human world. Once subpoenaing to my feet there is no use of fishing in the troubled water. This realm is reigned by the force of truth and egalitarianism. A man who served as tsar in preceding life subjects equal and same treatment as his retainer once underwent desertion from worldly affairs. Neither your most sympathetic plea will make me commiserate upon you nor would your exceptional tactic can work against me.

No sooner did you transmigrate to spirit we saw your white and black scores based on wholesome and unwholesome deeds you executed during short span of stay at mundane world. You had been so oblivious and blithe with every deeds of your body, mind and speech. Good begets worth and bad beget the reprisal accordingly. Had you planted noxious seed, perceptibly you will get venomous fruitlet. Had you been generous and had an annals of virtue accomplishments implemented earlier than accordingly you’re going to get the share of lighter penances.

But with your onset, your occasion has cracked one of the utmost fascinating, cumbersome, astounding and imposed most challenging mission to pass judgement from our side. Being unusual incident it will run down the history of this realm for many years to come. What we came to know about your result is one of most strange till time whereas your white points equates the black points, meaning you did vice deeds equivalent to moral deeds. Never did we come across such incident earlier and this is very reason it took extensive spell to thoroughly scrutinize and put addition regulations to our system list.


Such case is very occasional as stars in the bright daylight and you’re one out of them. For you without a speck of aversion and avarice and in due line with firm justice we’ve decided to assign you as an arbitrator between gods and demigods under mentioned special conditions. These two realm intoxicated by poisonous water of pride and arrogance find no light of peace and, also contaminated by their hatred blazed alike fire, jealousy and rivalry between them flurried like wind bringing much bloodsheds in their realm. For that matter you must carry on following task:
1.       You must successfully restore their relationships and annihilate the centuries old war between this two parties.
2.       Should not fall in love with any girls of these two heavenly realm under any circumstance.
3.       Timely reports of your activities in progress.

Fulfilling above mentioned task should be your prime target and must carry on dedicatedly. Failing to do so will be followed by serious repercussion. If you success in implementing these task we have got better and attractive plan for you after that. If you can return with champion than we will make you as our ambassador to Heavenly realm  of the Thirty-Three Gods for an eternity. However, it depends solely upon you. Many’ve tried to bring these two force to appeasement but after all efforts were part of endless futile history. Therefore we will count on you.

Sincerely Yours,


Choekigyelpo
 

Part-II, Dear Mr/Mrs. Immortal



Part-II
Date: 17/9/16
Dear Mr/Mrs. Immortal
Wake up and listen without wavering. I can see pain in you and nervousness in your words. Nonetheless one way or other you will definitely have to face this same tune sooner or later. You must reorient yourself and remain centered in the oneness. The time has come to find your path because your physical breath has stopped and you begin to experience spirit in reality. You came all the way through physical death so far and roaming in the nature of void. In order not to mistake and clear the path forth, contemplate on peace, love, compassion and seek grace from your great spiritual teachers.

 You become feeble moment to moment when Buddha’s and bodhisattvas from every corner comes for your rescue but due to pre amassed defilements you see them as in the form of beasts, ghosts and so forth, thereby succumb to victim of all. No matter what terrifying vision may be, always remain composed and remember you yourself is in hold of key to breakthrough this very realm of endless suffering.
By going through your letter I understood that you’re attempting to hang on my support. Nevertheless there is no one who can defy the law of nature, goods beget peace and miscreant beget sorrow. You must follow the path created by your deeds accumulated in the previous life. Moreover I don’t possess and nobody owns this heavenly realm. Neither do anyone hold the key of all other five realm nor do they trap you to suffer but it is your own deed that penalizes you. 

Further, you are not going through the proper channel in seeking your next life. No one except Choekigyelpo can decide ones path. You are running out of time. Go to see Chokigyelpo, a man known to be king of truth. Remember same thing is occurring to everyone around you. Do you feel that’s okay to let others undergo same thing as you are experiencing at this very moment. Don’t you have any compassion upon them? Will you let them remain in this realm millions of eons to come? If not than go where your retained merit takes to and after sometime when time ripens for transmitting your present state of life, you will get to come visit here in this realm(haven).by than you gain prowess to shower blessings and dawn help on them.  But for now I regret to let you know that I don’t have any authority to pull you up abruptly. Moreover I’ve many more like you whom I need to attend.
Oh! God, great spiritual teachers and saints please guide him on the way until he achieve the nature of Buddhahood. Everyone desires to visit haven but few makes to it and nobody wants to go to hail but ultimately majority falls in that realm. Buddha’s and bodhisattvas, I pray for you on everyone’s behalf to relieve them all from suffering and take them to the land of ultimate bliss or copper colored-mountain.  

Yours truly,