༆ སྔོན་ཐོག་མ་མེད་པ་ ས་ཆགས་གནམ་ཆགས་ཀྱི་དུས་ལས་ཚུར་ སེམས་ཅན་ཀུན་གྱི་ལས་འབྲས་ཀྱི་མཐུ་ལས་ རྒྱུ་དང་རྐྱེན་ཕུན་སུམ་ཚོགས་པར་རྒྱས་ཏེ་ རིམ་བཞིན་ཕྱི་སྣོད་ཀྱི་འཇིག་རྟེན་དང་ ནང་བཅུད་ཀྱི་སེམས་ཅན་ཚུ་ འབྱུང་བ་བཞིའི་ཆ་རྐྱེན་ལས་བརྟེན་འབྱུངམ་ལས་ ད་རེས་མངོན་གསལ་ལུ་ ལྷོ་འཛམ་བུ་གླིང་ཟེར་ཡོངས་སུ་གྲགས།
འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ།། ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་ལོ།། ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པའོ།། ཟེར་གསུང་ཡོདཔ་བཞིན་ ཆོས་ག་ར་མི་རྟག་པ་ ངོ་བོ་རང་མཞིན་མ་འགྲུབ་པ་ལས་བརྟེན་ སྐད་ཅིག་མ་གཅིག་ཙམ་གྱི་རིང་ལུ་ འགྱུར་འགྱོ་བཞིན་ཡོདཔ་ལས་ སའི་ཁམས་ མེའི་ཁམས་ ཆུའི་ཁམས་ རླུང་གི་ཁམས་ཟེར་ འབྱུང་བཞིའི་ལྷ་མོ་ཚུ་འཁྲོས་ཏེ་ མ་སྒྲིག་པའི་བསྒང་ལས་ གློ་བུར་གྱི་རྐྱེན་ངན་བར་ཆད་ ལེ་ཤ་འབྱུང་དོ་ཡོདཔ་ཨིན།
ད་རེས་འཛམ་གླིང་གཅིག་འགྱུར་གྱི་ལས་སྣ་ཚུ་ལས་བརྟེན་ འབྱུང་བ་བཞིའི་སྦྱིན་རླབས་ཚུ་ཕངས་སི་སི་སྦེ་ཉམས་འགྱོ་བའི་དུས་ལུ་ལྷོདཔ་ད་ སྔ་ཕྱི་གང་ལ་ཡང་མི་སྲིད་པའི་རྐྱེན་ངན་ ཐོས་མྱོང་མེད་པའི་ནད་གཞི་ དྲན་མྱོང་མེད་པའི་སྡུག་བསྔལ་ཚུ་ རྣམ་རྟོག་མེད་པའི་རི་ལས་ཆརཔ་བཟུམ་ རང་གི་མདུན་དུ་འཕྲལ་དང་མྱུར་དུ་ འཐོན་འོང་མི་འདི་ཡང་ རང་རེ་འཇིག་རྟེད་ཁྱིམ་པ་རྣམས་བསོད་ནམས་ཟད་པའི་བརྡ་ ཨྱོ་རྒྱན་གུ་རུས་ དུས་རྙིང་མ་ལུ་ལྷོདཔ་ད་ མ་རུང་ལྷ་སྲིན་དུག་པས་ འབྱུང་བ་ཆུ་ལུ་འཐྱིམ་སྟེ་ཆུའི་འཇིགས་པ་འོང་ འབྱུང་བ་མེ་ལུ་འགྱུར་ཏེ་མེའི་རྐྱེན་ངན་ཆེ་ འབྱུང་བ་ས་ལ་འཛུལ་ཏེ་སའི་འཇིགས་པ་འཕེལ་ རླུང་ལ་སྤྲུལ་ནས་རླུང་ཚུབས་ཆེ་ཟེར་ གསུངས་ཡོདཔ་ཨིན།
དེ་བསྒང་ དད་པ་ཅན་གྱི་གང་ཟག་ཕོ་མོ་ལ།། པད་འབྱུང་གང་ན་ཡང་མེད་དོ་མགོ་བསྐྱལ་ཡོད།། སྙིང་ནས་ང་དང་མ་འབྲལ་གསོལ་བ་འཐོབ།། ཟེར་གསུངསམ་ལས་ བློ་ཕ་ལ་མི་འདྲི། དྲོས་མ་ལ་མི་བྱེད། ཐག་རང་གི་མི་བཅད། བློ་དཀོན་མཆོག་གསུམ་ལུ་གཏད་ ལས་འབྲས་བསླུ་བ་མི་སྲིདཔ་བཞིན་དུ་ ཆོས་སྐྱོང་སྲུང་མ་རྣམས་ལུ་ཕྱག་མཆོད་དང་ མར་ངན་སློང་རྣམས་ལུ་སྦྱིན་པའི་དགེ་རྩ་གང་མང་འགྲུབ་པའི་ ཞབས་རྟོག་ཞུ་ཚུགས་ན་ རྐྱེན་ངན་ལས་བཟློག་ཚུགསཔ་ཨིན།
དེ་བཟུམ་སྦེ་ ལྟ་བ་དང་འགྲུབ་བྱེད་ལུ་ལྟད་པའི་ཕྱི་རོལ་མཚན་རིག་ཀྱི་ལུགས་ལས་ཀྱང་ འབྱུང་བ་བཞི་ལུ་ཐོ་ཕོགས་མི་ལུ་བརྟེན་ འཛམ་གླིང་ཚ་དྲོད་ཡར་འཕེལ་སོང་བའི་ནད་དོན་ཚུ་ དཀའ་བ་ཁྱད་དུ་གསད། ངལ་བ་དང་དུ་བླང་། ལྕི་བ་རྒྱབ་ཏུ་འཁུར་ཏེ། མི་དམངས་ལུ་ སླབ་སྟོན་དང་གསལ་སྟོན་འབད་བའི་ཤུལ་ འདི་ལས་བརྟེན་པའི་མནོ་མ་ཚུགས་པའི་ཉེན་ཁ་ བཟོད་མ་ཚུགས་པའི་ཚ་གང་ མྱོང་མ་ཚུགས་པའི་དཀའ་ངལ་ཚུ་ ག་བཟུམ་རང་ཡོདཔ་ཨིན་ནའི་བསྐོར་ ཁྱབ་སྤེལ་མཛད་བཞིན་ཡོདཔ་ཨིན།
རྒྱུ་མཚན་འདི་འབདཝ་ལས་བརྟེན་ དལ་གྱི་བབས་པའི་ཆུའི་འགྲློ་བ་དང་ གཞན་མི་དང་སེམས་ཅན་ཆ་མཉམ་ལུ་གནོདཔ་མ་ཚད་ བརྩོག་རླུང་ལས་བརྟེན་པའི་ནད་གཞི་འདྲ་མིན་སྣ་ཚོགས་འཐོན་ ལྷག་པར་དུ་ ནག་སྟོང་དང་རི་སྟོང་ཐམས་ཅད་ མེ་གིས་ཚིག་པའི་བསྒང་ལས་ མི་དང་སེམས་ཅན་ལུ་གནོདཔ་ཨིནམ་འདི་ལོས་ཀྱང་ ནོར་བུ་དགོས་འདོད་སྤུངས་འཇོམས་འདྲ་བའི་རང་བཞིན་གནས་སྟངས་ཚུ་ མིང་མེད་ཐལ་བར་འགྱུར་འགྱོཝ་ད་ བློ་ཕམ་པའི་གཞི་ངོ་མ་ཅིག་ཨིན་མས།
ནཱད་མ་འོང་གོང་བཟློག་ཐབས།། ཆུ་མ་འོང་གོང་ཡུར་བ།། ཟེར་བའི་སྲོལ་བཞིན་ རང་བཞིན་གྱི་རྐྱེན་ངན་ ག་བཟུམ་ཨིན་རུང་ དི་གི་སྐོར་ལས་ ཉེན་ཁ་དང་ཟློག་ཐབས་ལུ་ ཐབས་དང་གནས་སྐབས་ ལཱ་དང་བྱ་བ་ག་ཅི་རང་འབད་དགོཔ་འདུག་གའི་སྐོར་ དག་གསལ་ཏོག་ཏོ་སྦེ་ མི་དམངས་ལུ་ བསླབ་བྱ་རྐྱབ་དགོཔ་ཨིན།
སྒོས་སུ་རྐྱེན་ངན་ཚུབས་ཅན་གྱི་ས་གནས་ཚུ་ནང་ ཆུ་རུད་བཀག་པའི་ཐབས་ཤེས་ ས་རུད་བཟློག་པའི་གནས་སྐབས་ མེ་རྐྱེན་སྲུང་བའི་བརྡ་བཀུལ་ རླུང་ཚུབས་སྐྱོབ་པའི་ཉེན་བརྡ་ཚུ་ འབྱིན་དགོ་པའི་ཁར་ གཞུང་སྒེར་དང་མི་དམངས་རེ་རེ་བཞིན་ལུ་ འབད་མཆོག་མ་མཆོག་པའི་ འགན་འཁུར་དང་རྩ་ཁྲིམས་ཚུ་ མ་བཏུབ་བཏུབ་ཡིག་ཐོག་བཀོད་པའི་ཤུལ་ ཁྱབ་སྤེལ་འབད་དགོཔ་ཨིན།
ཉེན་སྐྱོབས་དང་ཚད་འཛིན་ ལས་སྡེ་དང་ལས་ཁུངས་ ཚོགས་ཕྲན་དང་ཚོགས་པ་ལ་སོགས་པའི་ འགོ་འཁྲིདཔ་ཚུ་ཡང་ སེམས་ལུ་ཚ་གང་མོ་གུས་ཐོག་ཏུ་འབག་དགོཔ་མ་ཚད་ ཚེ་སྲོག་ལུ་གནོད་ཉེན་ཆེ་བའི་གནས་སྟངས་དང་ས་གནས་ཚུ་ དབྱེ་ཞིབ་མཐྱིལ་འཕྱིན་འབད་དགོཔ་ དཔེར་ན་ས་ཡོམ་བཟུམ་ཅིག་ཨིན་པ་ཅིན་ འདི་ལས་འཛེམས་ཚུགས་པའི་ཐབས་ཤེས་ ཁྱིམ་གྱི་བཟོ་བཀོད་དང་ ཁྱིམ་རྐྱབ་ནིའི་ཅ་ཆས་ཀྱི་རྒྱུ་ག་བཟུམ་དགོཔ་ཨིན་ན་ཚུ་ སེམས་ཁར་ངེས་ཐོག་ མི་དམངས་ལུ་ཁྱབ་སྤེལ་འབད་དེ་ ཉེན་སྲུང་འབད་དགོཔ་ཨིན།
གཞན་ཡང་ ཕྱི་ནང་གཉིས་ཀའི་མཚན་རིགས་མཁས་མཆོག་ཚུ་དང་འགྲློས་བསྟུན་འབད་ཐོག་ རང་བཞིན་རྐྱེན་ངན་བལྟ་ལྟོག་འབད་བའི་ཕྱིར་ འབྱུང་ན་ ནང་འཁོད་བཟོ་བསྐྲུན་འབད་ཡོད་པའི་འཕྲུལ་ཆས་ དེ་མིན་ ཕྱི་རྒྱལ་ལས་མཁོ་སྒྲུབ་འབད་བའི་ཕྲུལ་ཆས་ཚུ་ གཞི་བཙུགས་འབད་དགོཔ་དང་ རང་བཞིན་རྐྱེན་ངན་མཁས་མཆོག་ཚུ་ ཕྲལ་རྒྱལ་ཁབ་ནང་དཀོན་དྲགས་ཨིནམ་ལས་ ཆོས་ཚན་འདི་ནང་སླབ་སྦྱང་དང་སྦྱོང་བརྡར་འབད་བའི་ཕྱིར་ ན་གཞོན་སློབ་ཕྲུག་ཚུ་ཕྱི་རྒྱལ་ཁབ་ཚུ་ནང་བཏང་དགོཔ་ཨིན།
མདོར་ན་ འགྲློ་བ་མནོ་ཅན་དང་མནོ་མེད་ག་ར་གི་ ཚེ་སྲོག་བརྐུ་བའི་རྐྱེན་ རྒྱལ་ཁབ་དང་མི་སྡེ་ལུ་གནོད་པའི་འཕུང་ ཞི་བདེ་དཀྲུགས་པའི་འཇིགས་པ་ འབྱུང་བཞི་འཁྲུག་པའི་ལྟས་ངན་ ག་བཟུམ་འབྱུང་རུང་རྒྱལ་ཁབ་གྱི་དཔལ་འབྱོར་དང་མི་སྡེ་དགའ་སྐྱིད་ལུ་ཐོ་སྦོམ་ཕོག་ནི་ཨིནམ་ལས་ མཐའ་དབུས་མེད་པའི་མི་ཐ་ར་ལུ་ གལ་ཆེན་དོན་ཆེན་ཅིག་སྦེ་ཞུཝ་ཨིན།
མ་ཚད་གོང་གི་བཤམ་གསལ་ནང་ལུ་བཀོད་ཡོད་པའི་ནད་དོན་ཚུ་ལག་ལེན་སྟར་ཚུབ་པ་ཅིན་ འཕྲལ་གནས་སྐབས་ཀྱི་རྐྱེན་དང་བར་ཆད་ཚུ་བསལ་ཞིང་ ཚེ་ཕི་མ་ཐར་པ་སངྱས་ཀྱི་འགོ་འཕང་ལུ་ ལས་དོན་འདི་གྱི་ཐོག་ལས་འབད་འགྲུབ་ཚུགས་ཟེར་ཞུ་ནི་ཨིན།། །།
ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུས་ལུས་ཉེན་ཅིང་འཇིག་པའི་དུས་བྱུང་ཚེཿ ཡིད་གཉིས་༴ ཨྱོན་འབྱུང་བ་བཞ་ཡི་ལྷ་མོར་བཅས༔ འབྱུང་བ་རང་སར་ཞི་བ་ཐེ་ཚོམ་མེད༔ ཨྱོན་པདྨ༴ བསམ་པ༴ །། །། དགེའོ།།

No comments:
Post a Comment