Sunday, 23 August 2020

Connection

 ༆སྟོད་ཀྱི་བྲག་ཕུག་ཆུང་ངུ།། མཚན་ལྡན་བླ་མའི་གདན་ས།། སྒྲུབ་པ་ཉམས་ལེན་ཡོད་ན།། དམ་ཆོས་སྒྲུབ་ལ་ཕེབས་དང་།།


བར་ལ་གཡུ་བཟང་ཕྲ་མོ།། དྲིན་ཆེན་ཕ་མའི་གདན་ས།། བུ་ལ་བརྩེ་གདུང་ཡོད་ན།། གཡུས་བཟང་ཕྲ་མོར་ཕེབས་དང་།།


སྨད་ལ་སྤང་གཤོངས་བདེ་མོ།། རི་དྭགས་གཅན་གཟན་འཁྱམས་ས།། སེམས་ལ་སྙིང་རྗེ་ཡོད་ན།། རྩ་ཆུ་སྤྱོད་ལ་ཕེབས་དང་།།


སེམས་ཀྱི་ལྡུམ་རྭ་ཕྲ་མོ།། མཛེས་པའི་བུང་བ་འཁོར་ས།། གསུང་དབྱངས་སྙན་པོ་ཡོད་ན།། སྦྲང་རྩི་འཐུང་ལ་ཕེབས་དང་།།


The small cave situated above the valley

Is the living residence of a holy lama

If one is realized spiritual practitioner 

You may come to practice holy doctrine 


The small hamlet situated at the center  

Is the living residence of a parent

If one has adoration for the children 

You may come to the little village


The meadow situated in the lower part of the valley 

Is where creatures meander

If one has a compassion at heart

You may come to enjoy water and grasses 


In the garden of heart

Is where honey bee live

If one has sweet voice 

You may come to enjoy the nectar

Saturday, 8 August 2020

Damtsi

 ༆དགུང་གི་འོད་ཟེར་ཅན་མ།། གླིང་བཞི་གླིང་ཕྲན་སྐོར་ཀྱང་།། 

ནམ་མཁའ་གཡུ་ཡི་ཕོ་བྲང་།། དྲན་པའི་སེམས་ཐག་མ་བཅད།།


གངས་གི་ཆུ་མོ་ལྷུག་ལྷུག། མི་ཡུལ་ས་ཐག་སྐོར་ཀྱང་།།

རྒྱའི་གསེར་མིག་ཉ་མོ།། དྲན་པའི་སེམས་ཐག་མ་བཅད།།


སྤང་གི་ཤ་བ་རུ་རྒས།། ནགས་ཀླུང་མཐའ་ཡས་སྐོར་ཀྱང་།། 

ནིའུ་གསེང་ཚོས་མདངས་ཧར་པོ།། དྲན་པའི་སེམས་ཐག་མ་བཅད།།


འཛམ་གླིང་སེང་ཆེན་རྒྱལ་པོ།། རྒྱལ་ཁབ་མཐའ་དབུས་སྐོར་ཀྱང་།། 

སྐྱ་ལོའི་སེང་ལྕམ་འབྲུག་མོ།། དྲན་པའི་སེམས་ཐག་མ་བཅད།།



The boundless light amidst the blue

Revolves around the continents 

Yet still never does it forget 

The turquoise space


The cascading water from the mountain 

Coursing down the country, far and wide

But never does it forget the golden fish 

Living in the river bank of India 


An old deer in the meadow 

Roams throughout the wilderness 

Yet never does it forget 

The lush green grassland 


Worlds lion, the Great (Gyesar of ling)

Even if he tours the country 

Never does he forget 

His Lioness, the wife Drukmo (Singcham Drukmo).

Sunday, 7 June 2020

སྙན་ངག་གི་གཞུང་འདི་ སྦྱངས་དགོ་པའི་སྐོར།

༄༅། །རྗེ་ཙོང་ཁ་པས་ རིག་རྣམ་པར་འབྱེད་པའི་རྣམ་དཔྱོད་དང་།།གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།།ཚིག་སྦྱོར་ཚུལ་ལ་མཁས་པའི་དབང་གི་དཔལ།།ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།། ཟེར་གསུངས་ཡོདཔ་བཞིན་དུ་ བརྗོད་བྱའི་དོན་གསལ་ཞིང་རྗོད་བྱེད་ཀྱི་ཚིག་རྣ་བར་ཧན་པའི་གུ་ འཇམ་པའི་ཚིག་སྦྱོར་ཡིད་དུ་འོང་བ་ཅིག་ལུ་ སྙན་ངག་ཟེར་སླབ་ཨིན། དཔག་བསམ་འཁྲི་ཤིང་ལས་ མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན།།མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་མཚུངས།། ཟེས་གསུང་ཡོདཔ་བཞིན་ མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལས་ རྩོམ་པ་བཟང་ངན་ སྙན་ངག་ཤེས་མི་ཤེས་ཀྱི་རྗེས་སུ་བལྟ་བ་ཅིན་ བརྗོད་ཚུལ་ཐ་མ་ཅིག་ལས་ཁྱད་པར་འཕགས་པའི་སྙན་ངག་གི་ཉམས་དང་ལྡན་པའི་ཚིག་སྦྱོར་ལུ་མ་མཁས་ན་ ཤེས་བྱའི་གནས་གཞན་ཁར་ག་དེམ་ཅིག་མཁས་རུང་ ངག་གི་སྦྱོར་བ་ཕུན་སུམ་ཚོགས་པའི་བསྟན་བཅོས་ཚུ་ འཆད་རྩོམ་འབད་མི་ཚུགསཔ་ལས་ མཁས་པའི་དབང་པོ་ཚུ་གིས་བསྟོད་བསྔགས་ཀྱི་ཡུལ་ལུ་མི་འགྱུར་ནི་ཨིན། ཟུར་མཁར་བློ་གྲོས་རྒྱལ་པོས་ རྒྱལ་པོ་ལང་ཚོས་དྲེགས་གྱུར་ཀྱང་།།རྒྱན་མེད་པ་ན་སྐྱེ་བོས་གླེང་།།དེ་བཞིན་སྙན་ངག་མི་ལྡན་པའི།།བསྟན་བཅོས་མཁས་ལ་རྩིས་སུ་མེད།། ཟེས་སྙན་ངག་མ་ཤེས་པའི་སྐྱོན་དང་ གོང་གི་དོན་འདི་ཚུ་ལས་ལྡོག་པ་ནི་སྙན་ངག་ཤེས་པའི་ཁེ་ཕན་ཨིནམ་སྦེ་གསུང་ནུག། 

སྙན་ངག་གི་ཚིག་རྒྱན་སྦྱོར་ཚུལ་ལེགས་ཤོམ་སྦེ་ཤེས་པ་ཅིན་ སྔོན་རབས་ཀྱི་ལོ་རྒྱུས་དང༌ རིག་གཞུང་གྱི་རྩོམ་ཚུ་ ཚིག་དོན་ཡིད་འཕྲོག་པའི་ཐོག་ལས་བཤད་པ་རྐྱབ་ཚུགས་ནི་དང༌ སྤྱི་ཚོགས་ཀྱི་སྟེང་ལུ་ མི་བཟང་དང་དོན་བཟང་ཟེར་གྲགས་པའི་གནས་སུ་ཚུདཔ་མ་ཚད་ སྐྱེ་བོ་མང་པོའི་བར་ལུ་ རིག་གནས་ལས་བརྩམས་ཏེ་གཞུང་བཤད་ནི་དང༌ སློབ་ཕྲུག་རྣམས་ལུ་ལམ་སྟོན་འབད་ནི་ གཞན་གྱིས་དགག་སྒྲུབ་རྩོད་གླེང་ལུ་ཁུངས་སྐྱེལ་ནི་ ཐ་ན་གྲོགས་ཕན་ཚུན་མཉམ་དུ་ ལེགས་པའི་སྟུན་འགྲོས་དང་ བཤད་འཐོ་བརྡལ་ནི་ཚུན་གྱི་ཚིག་སྦྱོར་སྤེལ་བའི་སྐབས་ཡང༌ རང་ཚིག་སྔ་ཕྱི་འབྲེལ་ཆགས་པ། ཚིག་དོན་གྱི་ཆ་ལ་སྐྱོན་མེད་པ། བློ་མཆོག་དམན་ཀུན་གྱིས་གོ་སླ་བ། དམངས་ཁར་སླབ་མ་རུང་བའི་གྲོང་ཚིག་དང་ཕལ་སྐད་ཀྱིས་མ་བསླད་པར་ ཚིག་སྦྱོར་ཕུན་སུམ་ཚོགས་ཏོག་ཏོ་ཀྱི་གོ་ལས་ ཁྱད་ཆོས་ག་ར་ཚངམ་སྦེ་སླབ་ཚུགས་ནི་ཨིནམ་ལས་ སྙན་ངག་གི་ཉམས་འཁྲུལ་མེད་ཀྱི་ཁེ་ཕན་ཡོད། དཔེར་ན། གཞན་སེམས་དགའ་ཅུག་ནིའི་ཕྱིར་དུ་ དགོད་འབྲོའམ་ཧ་ལས་པའི་གཏམ་སླབ་ད་ ཐོས་པ་ཙམ་གྱིས་འཛུམ་དམུལ་དམུལ་འབད་ནི་དང་ དེ་བཞིན་དུ་ གཞན་དཔའ་ཞུམ་བཅུག་ནིའི་ཕྱིར་དུ་ འཇིགས་སྣང་དང་མ་སྙན་པའི་གཏམ་སོགས་སླབ་པའི་ནམ་དུས་ལུ་ འདར་སིག་འབད་བ་སོགས་ནི་ སྙན་ངག་གི་ཚིག་སྦྱོར་ལག་ལེན་ཐབ་ཚུལ་ཚུ་ལུ་རག་ལསཔ་ཨིན། 

སྙན་ངག་གི་གཞུང་འདི་མ་སྦྱངས་ན་ རང་གིས་བློ་རིག་ལས་ཤར་ཏེ་བསྟན་བཅོས་སོགས་ཇི་བཞིན་རྩོམ་ཚུལ་མི་ཤེསཔ་མ་ཚད་ གལ་སྲིད་རྩོམ་རུང་ཡང་ ཚིག་རྒྱན་སྦྱོར་ཚུལ་གྱི་རྣམ་གཞག་མ་ཤེས་པའི་དབང་གིས་ སྙན་ངག་གི་མཚན་ཉིད་ཚང་བ་ཞིག་གཏན་ནས་མི་འབྱུང་ནི་དང་ གཞན་གྱིས་བརྩམས་པའི་བསྟན་བཅོས་སྙན་ངག་གི་རྒྱན་དང་སྦྱོར་བ་རྣམས་ཀྱི་ཚིག་དོན་ཚུ་ བཤད་པ་བརྐྱབ་མི་ཚུགས་ནི་ཨིནམ་མ་ཚད་ སྟབས་ཉེས་ན་ཚིག་དོན་གྱི་གོ་བ་འཛོལ་སྟེ་འགྲེལ་པ་རྐྱབ་ནིའི་གནོད་ཉེན་ཆེཝ་མ་ཚད་ གཞན་ཡང་སྙན་ངག་གི་ཚིག་རྒྱན་མེད་པའི་གྲོང་ཚིག་ཕལ་པའི་བསྟན་བཅོས་པོ་ཏི་བཟུམ་ཅིག་ལུ་རང་མི་མཁས་ནི་ཨིན། མདོར་ན་ འཇིག་རྟེན་འདིར་རྩེད་མོའི་ཕྱིར་ གླུ་གཞས་ཤིག་འཐེན་རུང་ཡང༌ སྙན་ངག་གི་ཉམས་ཡོད་པའི་ཚིག་རྒྱན་བཙུགས་ཏེ་ ཕལ་ཆེ་བ་མང་ཚོགས་ཤོས་ཀྱིས་བསྟོད་བསྔགས་ཆེས་ཆེར་བརྗོད་དེ་ སེམས་སྤྲོ་འཕེལ་མངོན་སུམ་དུ་གྲུབ་ལས་ སྙན་ངག་ཤེསཔ་དང་མ་ཤེས་པའི་ཁེ་ཕན་དང་སྐྱོན་ནི་ སྦོམ་རང་མཐོང་ཚུགསཔ་ཨིན། 

སྙན་ངག་གི་གཞུང་གིས་ མ་རིག་རྨོངས་པའི་ཚིག་ངན་ཚུ་ རིམ་བཞིན་རང་གི་ཁོངས་ལས་ཡལ་ཏེ་ སྙན་པའི་ཕུན་ཚོགས་ཀྱི་ཚིག་གང་མང་ལུ་ གོམ་གཤིས་ཚུད་དེ་ ཡུལ་གོང་མ་རྣམས་ལུ་གུས་པའི་ཚིག་གིས་བཆོད་ མར་ཆུང་བ་ཚུ་ལུ་བྱམས་སྙིང་ཚིག་གིས་བསུ་ རང་དང་མཉམ་མཉམ་ལུ་ བློ་གཏད་བརྗོད་པའི་ཚིག་གི་མེ་ཏོག་གཏོར་བའི་འབྲས་བུ་གིས་ ཚེ་ད་རེས་ལམ་འགྲོ་བཟང་ཞིང་ ཕྱི་མ་ཡང་དག་བདེ་བའི་གོ་འཕང་ཐོབ་ཚུགས་པའི་ཁེ་ཕན་ཀྱང་ཚད་མེད་ཡོདཔ་ཨིན། སྙན་ངག་མེ་ཏོག་གི་ཟིལ་མངར་འཐུང་ཞིང་ འཇིག་རྟེན་འདི་ནང་ཡོད་པའི་ རེག་འཇམ་གོས་དང་ས་ཆའི་བཀོད་པ་ རོ་མངར་བཟའ་འཐུང་བདུད་རྩི་རྣམས་དང་ དྲི་ཞིམ་སྤོས་བསུང་སྣ་ཡི་བཅུད་ལེན་ དཀར་དམར་ལག་ཚོ་མིག་གི་དགའ་སྟོན་ འདོད་རྒུའི་ལོགས་སྤྱོད་པདྨའི་དཀྱིལ་འཁོར་བཞིན་དང་ གཞན་མཐོང་ཐོས་དྲན་རེག་གི་ལོ་རྒྱུ་ ག་ཅི་འབད་རུང་ ཡིག་ཐོག་ལུ་འཇམ་ཏོང་ཏོ་འབད་བཀོད་དེ་ ཤུལ་གྱི་མི་རབས་བུ་བརྒྱུད་ཚུ་ལུ་ ལོ་རྒྱུས་སྤེལ་ཚུགས་པའི་དགོས་པ་ཡང་བསམ་ལས་འདས། 

རྒྱ་ནག་གི་ཀོང་ཙེ་འཕྲུལ་རྒྱལ་གྱིས་ སྙན་ངག་མེད་ན་གཏམ་དུ་བྱ་བ་མེད།།ཟེར་གསུང་ཡོདཔ་བཟུམ་ ཤེས་བྱའི་གནས་ལུགས་ལུ་འབད་རྩོན་འབད་མི་ ནང་དོན་རིག་པའི་མཁས་པ་དང་ ཚན་རིག་པ་ གཞན་ཡང་འཇིག་རྟེན་འདི་ནང་ མགས་པའི་མཚན་ཉིད་ལྡན་པའི་མི་སྣ་མང་ཤོ་ཅིག་གིས་ སྙན་ངག་འདི་མཁས་པའི་བྱ་བ་ཀུན་གྱི་ནང་ལས་རབ་དང་དྲག་ཤོ་ཅིག་ཨིནམ་མ་ཚད་ མེད་དུ་མི་རུང་བའི་ཆོས་ཉིད་ཅིག་སྦེ་ངོས་འཛིན་གནང་ནུག། སྙན་ངག་མཁན་གྱིས་ཅི་ཡང་རྒྱན།། ཟེར་སླབ་དོ་བཟུམ་ རང་ལུ་སྙན་ངག་གི་ཡོན་ཏན་ཡོད་པ་ཅིན་ བཤད་བརྗོད་གླེང་གསུམ་གྱི་འདོད་པ་དང་བསམ་བློ་ཚུ་ཁ་གསལ་ ཚིག་བཅད་ཚིག་ལྷུག་སྤེལ་མ་གང་རུང་གི་ཐོག་ལས་ སྙན་ངག་གིས་རྒྱན་ཏེ་ ཀུན་གྱི་རྣ་བར་ཧན་ཏོང་ཏོ་འབད་ གོ་བརྡ་སྤེལ་ཚུགས་ནི་ཨིན་མས་ལགས།། །། 


Monday, 4 May 2020

Rust a Trust to Dust


As the wind blows wherever it pleases, the faith settles wherever it amuses. It dwells on to one’s liking and saves who it wants. It dares thrive in the worst scene but can’t wage to burgeon if ever affected. Alike healing wound fairly exhibiting the scar, the rusted trust can be mended and yet shine forth but never to its former glory.  

Small attention and little effort are enough to let it falter. It has a life of breaking glass and an effect of ocean-deep. Playing with fire is to get yourself burned, playing with the noose is to get yourself hanged, likewise taking undue advantage to infringe the trust is to entrap oneself in the pain that befalls.

Trusting too much is to rust unless it is in the positive light and too much rust will end up in the dust. So, dust off the rust and maintain the trust. Rust the dust, not the trust.

Thursday, 23 April 2020

བྱང་ཆུབ་སེམས་ཀྱིས་སྲིད་དོན་ལ་ཕན་ཐོགས་པའི་སྐོར།


༄༅། ། བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།།
གང་ཞིག་ཐོས་ན་རྣ་བའི་བདུད་རྩི་དང་། །གོམས་ན་ཡིད་ལ་བདེ་བ་ཤིན་ཏུ་བརྙེས། །མཐར་ཐུག་སངས་རྒྱས་གོ་འཕང་ཐོབ་བྱེད་པའི། །རིན་ཆེན་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། ། ཞེས་གུས་ཕྱག་སྔོན་དུ་ཕུལ་ཏེ་ བྱང་ཆུབ་སེམས་ཀྱིས་སྲིད་དོན་ལུ་ཕན་ཐོགས་པའི་སྐོར་ལས་ མདོར་བསྡུ་ཅིག་ བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་ གཤམ་གསལ་ལྟར་བཤད་ན། ལས་དང་ཉོན་མོངས་པ་བྱང་བས་ན་བྱང་། ཤེས་བྱའི་ཡོན་ཏན་ཁོང་དུ་ཆུད་པས་ན་ཆུབ། ཟེར་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་ནི་ ཉེས་པར་བྱས་པ་ཐམས་ཅད་བསྲེག་པའི་བསྐལ་པའི་མེ་ལྟ་བུ་དང་ འགྲོ་བ་ཐམས་ཅད་ཀྱི་དཀར་པོའི་ཆོས་རྣམ་པར་འཕེལ་བར་བྱེད་པའི་ཞིང་ལྟ་བུའོ། དེ་བས་ན་ ཉིན་མཚན་ལོ་ཟླའི་འགྱུ་འགྲོས་དང་བསྟུན་ སྲིད་ཀྱི་ལས་ཀ་དང་བྱ་བ་ལ་སྤྲོ་བའི་བསམ་་སྔོན་དུ་བརྫངས་ཏེ་ རྒྱལ་ཁབ་ཡར་རྒྱས་ཀྱི་གཞི་རྩར་སྒྲུབ་མི་ག་ར་གི་རྒྱུད་ལུ་ བྱང་ཆུབ་སེམས་ཀྱི་ལམ་སྣེ་ཟིན་ན་ རྒྱལ་ཁབ་ཡར་རྒྱས་ཕུན་སུམ་ཚོགས་ནི་ལུ་ སོམ་ཉིའི་དྲ་བ་གཅོད་པའོ།

སྤྱིར་གཏང་སྲིད་ཀྱི་རིང་ལུགས་ནང་ རྒྱལ་ཁབ་ཀྱི་སྲིད་འབྱུས་རྩོམ་སྒྲིག་འབད་ མི་སྡེ་གནས་སྟངས་ཀྱི་ལས་འགན་བཞེས་ དཔལ་འབྱོར་གོང་འཕེལ་གི་ལས་སྣ་བཟོ་ ཁྲིམས་དང་རིག་གཞུང་གི་ལྟ་བ་གསར་གཏོན་མཛད་ ཕྱི་རྒྱལ་དང་འབྲེལ་བའི་ཕྱག་ལཱ་དང་དུ་བླགས་པའི་རིང་ བྱང་ཆུབ་སེམས་ཀྱི་སྙིང་པོ་ བྱམས་པ་དང་སྙིང་རྗེ་ དགའ་བ་དང་བཏང་སྙོམས་བཞི་ལུ་གནས་པའི་ཕན་པ་བསམ་གྱིས་མི་ཁྱབ་པར་ཡོདཔ་ཨིན།

རྒྱལ་ཁབ་ཀྱི་དབུ་འཁྲིད་ག་རང་འབད་རུང་ དགྲ་ལ་ཞེ་དང་སྡང་བཏང་། གཉེན་ལ་དགའ་གདུང་བཏང་།ནི་མེན་པར་ སྐྱ་སེར་ཕོ་མོ་དང་སེམས་ཅན་ཐམས་ཅད་ལུ་ ཉེ་རིང་དང་ཆགས་དང་མེད་པར་ བརྩེ་བས་གྲོགས་ མཐུན་པས་བསྐྱངས་ ཕན་བཏགས་ཞིང་ཡ་རབ་སྤྱོད་བཟང་གི་གོ་ནས་འགན་འཁྲིད་བཞེས་མི་འདི་ བྱང་ཆུབ་སེམས་ཀྱི་སྙིང་པོ་བཏང་སྙོམས་རྒྱུད་ལུ་ཡོད་པས་ན་ ཕན་ཐོགས་ཆེན་པོར་འགྱུར།
མི་དང་སེམས་ཅན་ཐམས་ཅད་ རང་གི་བདེ་སྐྱིད་ཁོ་ན་དོན་དུ་གཉེར་བ་ལས་ སྡུག་བསྔལ་འདོད་པ་ནི་སུ་ཡང་མེད་ཀྱང་ ཞེ་འདོད་དང་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་ནས་ བདེ་བ་འདོད་ཀྱང་དབང་ཚད་དང་རང་དབང་མེད་པར་ འོང་བ་སྡུག་བསྔལ་ཨིནམ་ལས་ སྲིད་དོན་རིང་ལུགས་ནང་འགོ་ཁྲིདཔ་སྦེ་བཞུགས་མི་ག་ར་ཨིན་རུང་ མིག་གིས་སེམས་ཅན་ལྟ་ན་ཡང་།། དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ།།ཟེར་ ལུས་ཀྱི་སྤྱོད་ལམ་འཇམ་ཞིང་ཡིད་དུ་འོང་བ་ ངག་གིས་ཚིག་སྨྲ་ཡང་བདེན་པ་དང་སྙན་པར་སྨྲ་ཞིང་ ཡིད་ཀྱི་སྒོ་ནས་ཀྱང་གཞན་ལ་ཕན་པར་བྱས་དགོས་པ་ནི་ བྱང་ཆུབ་སེམས་ཀྱི་སྙིང་པོ་བྱམས་པ་ཡིན་ནོ།

ཕ་རོལ་ཏུ་སྡུག་བསྔལ་མྱོང་བའི་མི་སེར་དང་སེམས་ཅན་རྣམས་ནི་ ད་ཅི་བྱེད་བྲོས་ས་དང་གབ་ས་ སྐྱབས་དང་སྐྱོབས་པ་ མགོན་དང་དཔུང་གཉེན་ སྐྱིད་སྡུག་ལེགས་ཉེས་ཀུན་གྱི་ཡུལ་གོང་མ་རང་ཡིན་པས་ རྒྱལ་ཁབ་མཐའ་དབུས་མེད་པར་ སྐྱིད་སྡུག་གིས་ཕོང་ཤིང་ཉམ་ཐག་པའི་མི་སེར་ཤ་སྟག་ཡིན་དུས་ ཁོང་ཚོ་ལ་དཀའ་སྡུག་དང་བཀྲེས་སྐོམ་གྱི་སྡུག་སྔལ་རང་ཐོག་ཏུ་བླངས་ནས་ ཡང་དག་སྲིད་ཀྱི་ལས་སྣ་ལ་བརྩོན་ན་ བྱང་ཆུབ་སེམས་ཀྱི་སྙིང་པོ་སྙིང་རྗེ་རྒྱུད་ལ་ཡོད་པའི་ འགོ་འཁྲིད་རྣམ་དག་ཡིན།

དེ་ནས་དགའ་བ་བསྒོམ་ཤིང་རྒྱལ་ཁབ་སྐྱོང་ཚུལ་ཡང་ གང་ཞིག་སྟོབས་འབྱོར་མངའ་ཐངས་དང་ལྡན་པ་ལ་སོགས་ མིང་གནས་ཅན་གྱི་ནམ་དུས་དང་གཞུང་ཀྱི་ལས་འགན་བཞེས་པའི་རིང་ དེ་ལ་འགྲན་སེམས་དང་ཕྲག་དོག་མེད་པ་འཚེ་བ་མེད་པ་ ཤེས་རབ་ཆེ་བའི་གོ་ནས་ རྒྱལ་ཁབ་དང་མི་སེར་ལ་ཕྱག་ཞུ་རྒྱུའི་གོ་སྐབས་རྙེད་པ་དང་ རང་ཡོད་ཏན་དང་ལྡན་ཡུལ་བཟང་པོར་སྐྱེས་པ་སོགས་ཀྱི་དྲིན་དུ་ ཚད་མེད་ཀྱི་དགའ་བ་བསྒོམ་སྟེ་ ལྷག་བསམ་རྣམ་དག་གི་གོ་ནས་གཞུང་དང་རྒྱལ་ཁབ་ལུ་ ཅི་དྲགས་གང་དྲགས་ཀྱི་གོ་ནས་ཕྱག་ཕྱི་ཞབས་ཏོག་ཞུ་རྒྱུའི་བསམ་པ་ནི་ བྱང་ཆུབ་སེམས་ཀྱི་སྙིང་པོ་དགའ་བ་བསྒོམ་པ་ཡིན་ནོ།

གཞན་ཡང་ རང་གོ་ས་གོ་གནས་ཐོབ་འདོད་ལུ་དམིགས་ཏེ་ ལྐོག་རྔན་སྤྲོད་པ་ རང་བསྟོད་གཞན་སྨད་ཀྱི་བྱ་བ་ དྲག་གཞན་གྱི་དབྱེ་བ་ཕྱེ་ནི་ གཡོ་རྒྱུ་དང་མགུ་སྐོར་ལ་སོགས་པའི་ འདྲ་མཉམ་དང་དྲང་བདེན་གྱི་གཞི་རྩ་ལུ་མ་གནས་པའི་ ཕྱག་ལཱ་གནང་པ་ཅིན་དེའི་ཉེས་དམིགས་ ལས་ཀྱི་སྡིག་པ་ཡོད་ཚུལ་སེམས་ཁར་ངེས་མི་འདི་ སྤྱིར་བྱང་ཆུབ་སེམས་ཀྱི་ལམ་ལུ་གནས་པའི་བརྡ་ཨིནམ་མ་ཚད་ དགེ་བ་བཅུ་དང་མི་དགེ་བ་བཅུ་ གཞན་ཡང་མི་ཆོས་གཙང་མ་ཅུ་དྲུག་གི་ཡོན་ཏན་རྣམས་ལུ་བརྟེན་པའི་ལས་འགན་བཞེས་དོ་ཡོདཔ་ལས་ བྱང་ཆུབ་སེམས་མཆོག་ཀྱི་འབྱིན་རླབས་དངོས་གནས་ཨིན་པར་ཐེ་ཚོམ་མེད།

བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་ནི་ སྡིག་པ་འདག་པ། ངན་སོང་གི་སྐྱེ་བ་བཅད་པ། བདེ་གཤེགས་སྲས་པའི་བསྔགས་པ་ཐོབ་པ། འཇིག་རྟེན་ལྷ་དང་བཅས་པའི་ཕྱག་བྱ་བའི་འོས་སུ་འགྱུར་པ། མཐར་ཐུག་སངས་རྒྱས་ཐོབ་པ་སོགས་ཀྱི་ཕན་ཡོན་ཡོདཔ་མ་ཚད་ འཕྲལ་རྒྱལ་ཁབ་ཀྱི་གཞི་བདེ་ཀྱི་སོན་བཏབ་ རང་དབང་གཙང་མའི་དོར་འདེབས་ ཉེན་སྲུང་གི་ཐོང་བཙུགས་ རང་བཙན་གྱི་ཆུ་བླུགས་ཏེ་ དགའ་སྐྱིད་ཕུན་སུམ་ཚོགས་པའི་སྨྱུ་གུ་སྔོན་མོ་འཁྲུང་ཨིན་ནོ།   
  
འདི་ལྟར་བགྱིས་པའི་དགེ་བ་འདིས། །བདག་གཞན་བྱང་ཆུབ་རྒྱུ་རུ་བསྔོ། །བྱང་ཆུབ་སེམས་མཆོག་སྐྱེ་གྱུར་ཅིག །གོང་ནས་གོང་དུ་འཕེལ་བར་ཤོག །དེ་ཡང་དེང་སང་སྙིགས་མ་ལྔ་བདོ་བའི་དུས་འདིར་ སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་ཡོངས་ཀྱི་བདེ་བ་ཟད་རྒྱུ་གཙོ་བོ་དེ་དབང་ཚད་དང་སྟོབས་གོ་ས་ལུ་འདོད་རྔམ་དང་ ཡང་བདག་གཅེས་འཛིན་ལས་བྱུང་བ་མངོན་སུམ་གྱིས་གྲུབ་ལས་ དེའི་དོན་དུ་བྱང་ཆུབ་སེམས་འདི་ཉིད་ཉམས་སུ་བླངས་ན་བདག་གཅེས་འཛིན་གྱི་བློ་དེ་འཇོམས་ནུས་ཤིང་། གཞན་གཅེས་འཛིན་གྱི་བློ་ཡང་རིམ་གྱིས་སྐྱེ་འོང་། དེ་ལྟར་བྱུང་ན་གནས་སྐབས་མི་མཐུན་པའི་རྐྱེན་ངན་མཐའ་དག་ལས་གྲོལ་ཤིང་ མཐར་ཐུག་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པར་གདོན་མི་ཟ་སྟེ་ མདོར་བསྡུས་ན་ཁྱད་དུ་འཕགས་ཤིང་ཡོན་ཏན་གྱི་མཛོད་འཛིན་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཕན་ཡོན་ རྒྱ་མཚོ་ཆེན་པོའི་གཏིང་མཐའ་བཞིན་ལས་ ཆུ་ཐིགས་ཙམ་ཞིག་བྲིས་པ་འདིར་ ནོར་འཁྲུལ་འབྱུང་ན་མཁས་ལྡན་གྱི་སྤྱན་སྔར་བཤགས་ཤིང་ ལེགས་ཚོགས་དགེ་བ་ཅུང་མཆིས་ན་ བདག་གཞན་སེམས་ཅན་ཀུན་གྱི་རྒྱུད་ལ་བཅོས་མིན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བའི་རྒྱུ་རུ་བསྔོ།། །།

Friday, 3 April 2020

སྙན་ངག།་༥༽

འབྲུག་གི་ཆོས་རྒྱལ་རིམ་འབྱོན་ཚུ་ལུ་ བཀའ་དྲིན་བླ་ན་མེད་པར་བསམ་ཡོད་པའི་སྐོར་ལས་ སྙན་རྩོམ་ཚིག་བར་གང་རུང་གི་ཐོག་ལས་ ཤོ་ལོ་ཀ་གསུམ།
༄༅།། བཀྲ་ཤིས་བདེ་སྟོང་རྣམ་རྒྱལ་གནས་མཆོག་ཏུ།། མི་འཇིགས་གསེར་གྱི་ཁྲི་ལ་དབང་བསྐུར་བ། །
མངའ་རིས་ལྷ་ཡི་གདུང་བརྒྱུད་ཆོས་ཀྱི་རྒྱལ།། བསོད་ནམས་སྟོབས་ཀྱིས་ཞིང་མཆོག་འབྲུག་ཡུལ་འཁྲུངས།།
In the place festooned with auspiciousness, peace, and victory
Enthroned to the indestructible golden throne
The dharma king descended from the godly realm
With the supreme virtue born in this land (Drukyul)
འབངས་འཁོར་ཡབ་གཅིག་རྗེ་བཙུན་མཁྱེན་པའི་གཏེར།། སྙིང་རྗེའི་རང་གཟུགས་སྤྱན་རས་གཟྱིགས་དང་མཚུངས།།
མཐུ་སྟོབས་དབང་ཕྱུག་འབྲུག་གི་བདག་པོ་སྟེ།། ཆོས་རྒྱལ་ཡབ་མེས་རྣམས་ལ་རྟག་ཏུ་གུས།།
The visionary one of a kind, father of the nation
Is alike compassionate Avalokiteshvara
A powerful protector of a nation
For all the succeeding monarchs I always pay my respect
མི་དབང་ཆོས་རྒྱལ་ལྗོངས་འདིར་འཁྲུངས་པར་ལེགས།། བདག་ཅག་འབྲུག་མི་བསོད་ནམས་སྐལ་ལྡན་ནོ།།
ཇི་སྲིད་བཀྲ་ཤིས་སྨོན་ལམ་ཀུན་བགྱིད་ན།། དེ་སྲིད་དྲིན་ཆེན་མངའ་བདག་བཞུགས་སུ་གསོལ།།
Wonderful to have born dharma king in this land
Every citizen are endowed with virtues
As long as we all pray
Thus far will our beloved king will reign
མཇུག་བསྡུ།
ང་བཅས་རའི་འབྲུག་ཤེས་རིག་ལྷན་ཁག་གི་ སྲིད་འབྱུས་དང་རྩ་གཞུང་ལྟར་ སློབ་གྲྭ་དང་གཙུག་ལག་སློབ་སྡེ་ཚུ་ནང་ རྫོང་ཁ་དང་རིག་གཞུང་འབྲེལ་བའི་ཆོས་མཚན་ཚུ་སློབ་སྟོན་འབད་ནི་འདི་གིས་ སྐད་ཡིག་དང་ལམ་སྲོལ་མི་ཉམས་གོང་འཕེལ་ལུ་ཕན་གྲྲོགས་འབདཝ་མ་ཚད་ ནཱ་གཞོན་རང་སོའི་བློ་རིག་ཡར་རྒྱས་བཏང་ནི་ལུ་ ཕན་ཐོགས་སྦོམ་འབྱུང་ཡོདཔ་ཨིན།
དེ་བཟུམ་སྦེ་རང་ཡང་ སྙན་ངག་ལྷབ་སྦྱང་འབད་བའི་ནམ་དུས་ལུ་ རྩོམ་རྐྱབ་ནི་གི་ལས་འགུལ་ འ་ནི་བཟུབ་འཐོབ་སྟེ་ སྙན་རྩོམ་གྱི་ཤེས་ཡོན་ སློབ་གཉེར་འབད་ནི་ལུ་ཕན་ཐོགས་འབྱུང་ཡོདཔ་ལས་ ཧིང་ལས་དགའ་ཚོར་ཞུ་ནི་ཨིན། ལས་འགུལ་འདི་ནང་ ནོར་འཁྲུལ་ག་ཅི་རང་ཡོད་རུང་ རང་བློ་དམན་པའི་སྟབས་ཀྱིས་འབྱུང་སྲིདཔ་ངེས་བདེན་ཨིནམ ལས་ ལྷབ་མི་ཡོངས་ལུ་བཟོད་གསོལ་ཞུ།
ལྷག་པར་དུ་ གོང་གི་རྩོམ་ཚུ་སྤྱིར་ལས་འགུལ་གྱི་བཀོད་རྒྱ་དང་འཁྲིལ་སྟེ་རྐྱབ་རུང་ དོན་ཁོ་ན་ལུ་ ང་རའི་བཀྲིན་དགའ་ཚོར་འདི་ དད་པ་ལྷད་མེད་ཀྱི་འགོ་ལས་ གསོལ་བ་བཏབ་སྟེ་བྲིས་ཡོད་ལས་ དེའི་བསོད་ནམས་ཀྱིས་ མ་འགྱུར་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་བདེ་བའི་དོན་དུ་བསྔོ་བར་དགེའོ།།

སྙན་ངག།་༤༽

ཤེས་རབ་རྩེ་མཐོ་རིམ་སློབ་གྲ་ཆེན་མོ་ནང་ལོ་ངོ་གསུམ་གི་རིང་ལུ་ རང་ལུ་ངལ་རངས་འབྱུང་ཡོད་པའི་སྐོར་ལས་ ཚིག་བར་དགུ་མའི་རྩོམ་ཤོ་ལོ་ཀ་གསུམ་ནི།
༄༅།། ལྟོས་དང་གཡུ་ལོས་མཛེས་པའི་ལྗོན་གསེབ་ན།། རི་བོ་རྩེ་ལྔ་དང་མཚུངས་ལུང་གཤོངས་ནི།།
ཤེས་རབ་འཁོལ་ལོའི་འདུལ་ཞིང་ཤེས་རབ་རྩེ།། ཡིད་འོང་ལྷུན་ཆགས་མཛེས་པའི་གཙུག་ལག་ཆགས།།
Look! Among the endearing turquoise colored trees
The valley bearing a lot similarity to Riwo Tse Nga
Is the Sherubtse, a destined land of Manjushiri
There beautifully constructed a College
མཁས་པའི་བློ་ལྡན་དབྱིན་རྒྱའི་སློབ་དགེ་ཚོས།། ཟབ་གསལ་གཙུག་ལག་རིག་པའི་གཞུང་ལུགས་ཀུན།།
སྙན་འཇམ་གསུང་གི་ཁུ་བྱུག་སྒྲོག་པའི་དྲིན་།། བདག་གི་བློ་གསལ་ཤེས་བྱ་རབ་ཏུ་རྒྱས།།
By every experts, intelligent lecturers and professors
The profound teaching syllabus of the University
Are being taught melodiously in a tone of chirping cuckoo
Thus, clears my mind to the rise of knowledge
དབང་རྣོན་སློབ་ཕྲུག་བློ་གསལ་བུང་བའི་ཚོགས།། མཐའ་དག་སྐྱིད་པའི་ཤེས་བྱའི་པད་ཚལ་དུ།།
གྲོགས་པོ་ལྷན་རྒྱས་འཛོམས་པ་ལས་འཕྲོ་ཆེ།། ཤེས་ཡོན་སྦྲང་རྩིའི་རོ་མཆོག་དཔར་ལ་རོལ།།
Brilliant students in the numbers of humming bees
Everyone in the land of lotus
What a karma, being encountered with many friends
Together we relish the aromatic taste of Knowledge

སྙན་ངག།་༣༽

དེང་སང་གི་མཐུན་འགྱུར་དང་འཁྲིལ་ཏེ་ རྒྱལ་སྲུང་གི་སྦྱོང་བརྡར་གཞི་བཙུགས་གནང་མི་ལུ་ སྤྲོ་སྣང་བྱུང་ཡོད་པའི་སྙན་རྩོམ་ཚིག་བར་བརྒྱད་མའི་ཤོ་ལོ་ཀ་གསུམ།
༄༅།། མི་དབང་རྒྱལ་པོའི་དགོངས་གཏེར་དྲིན་ཅན།། ལུང་རྟེན་དུས་བབས་རྒྱལ་ཡོངས་ཉིན་མར།།
འབྲུག་གཞོན་ནུའི་ཕྱིར་དུ་གསལ་བསྒྲགས་གནང་།། བྱིན་ཅན་གྱི་རྒྱལ་སྲུང་གཞི་བཙུགས་བཟང་།།
The precious philosophy of His Majesty
On the National day―a ripened occasion
For the cause of every Bhutanese youth
Sacred National Service has been initiated
ནཱ་གཞོན་ཡ་རབས་སྤྱོད་བཟང་རྒྱན་བཞིན།། དེང་སང་ཤེས་བྱའི་རྩེ་མོར་སོན་པས།།
ཕ་བཟང་བུ་ཚའི་གཤིས་ཀར་འགྱུར་ལ།། བཀའ་དྲིན་བསམ་ཤེས་སྙིང་ལ་འཛུགས་སོང་།།
To adorn every youth with the noble attitude
And making them reach the peak of learning
Will convert to a son of righteous parent
For which gratitude runs deep down my heart
དུས་རབ་ཉི་ཤུ་གཅིག་པའི་ཆོས་ཉིད།། འཛམ་གླིང་གཅིག་གྱུར་གོམ་འགྲྲོ་ལྟར་དུ།།
བདག་ཉིད་ནཱ་གཞོན་ཡོངས་ཀྱི་གོ་སྐབས།། འཕྲལ་དང་མྱུར་དུ་ལེན་པའི་སྨོན་འདེབས།།
The nature of 21st century
In tandem with its globalization
Has an opportunity for every youths
May I can grasp it immediately

སྙན་ངག།་༢༽

དཔལ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་མཛད་པ་ཕྲིན་ལས་ཀྱི་སྐོར་ལས་ ཚིག་བར་བདུན་མའི་ཤོ་ལོ་ཀ་གསུམ།
༄༅།། སྐྱབས་མགོན་མཐུ་ཆེན་ཆོས་ཀྱི་རྒྱལ།། སྙིང་རྗེའི་གཏེར་ཆེན་ཀུན་ཏུ་རྒྱས།།
རྒྱལ་ཀུན་ཕྲིན་ལས་གཅིག་འདུས་པ།། ངག་དབང་རྣམ་རྒྱལ་མཆོག་ལ་འདུད།།
The protective, great magician and Dharma lord
Extensively abounds the Treasure of compassion
And unified the overall nation’s service
Hereby I pay homage to you Ngawang Namgyal
དཔལ་ལྡན་མཐུ་ཆེན་ཕྱོགས་རྣམས་ལས།། རྣམ་པར་རྒྱལ་བའི་རྒྱལ་མཚན་འཛིན།།
རྒྱལ་ཁབ་གཅིག་ཏུ་གྱུར་མཛད་པ།། ཕན་དང་བདེ་བའི་གནས་གཅིག་པོ།།
From all the directions, the glorious magician
Holds the banner of victory
And made into one unified state
You are the source of welfare and bliss
འཇིག་རྟེན་དབང་ཕྱུག་འགྲྲོ་བའི་མགོན།། ཆོས་སྲིད་ཟུང་གི་སྲོལ་གཏོད་དེ།།
འབངས་འཁོར་བདེ་བཀོད་ངོ་མཚར་མཐོ།། ལྗོངས་འདིའི་སྐྱབས་མགོན་ཁྱོད་ལ་གུས།།
Jigten Wangchuk you are people’s benefactor
Instituting the dual system (religious and Secular)
Wonderfully uplifted citizens to happiness
Protector of this valley, for you I pay respect

སྙན་ངག། ༡༽

ངོ་སྤྲོད།
༄༅།། མཁས་པའི་མཛད་རྣམས་ལ་མུ་མཐའ་མེད་ཅིང༌། ཤེས་བྱའི་རྣམ་གྲངས་ལ་རྫོགས་མཐའ་མེད། ནམ་མཁའི་སྐར་ཚོགས་དང་ཆུ་ཁའི་བྱེ་མ་བཟུམ་གྱི་ཤེས་བྱའི་ཡོན་ཏན་ཤིན་ཏུ་མང་བའི་ནང་ལས། རྩོམ་རིག་འདི་ རྒྱ་ནག་གི་ཀོང་ཙེ་འཕྲུལ་རྒྱལ་གྱིས་ སྙན་ངག་མེད་ན་གཏམ་དུ་བྱ་བ་མེད།། ཟེར་གསུགས་ཡོདཔ་མ་ཚད་ སྙན་ངག་པ་ཙན་དྲ་གོ་མས། གང་ཕྱིར་མཁས་པའི་ལས་གསུམ་ལས།། འཆད་རྩོད་ངག་ལ་མ་ངེས་པ།། སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ།། ཟེར་གསུངས་ནུག། ཤེས་བྱའི་གནས་ལུགས་ལུ་འབད་རྩོན་འབད་མི་ ནང་དོན་རིག་པའི་མཁས་པ་དང་ ཚན་རིག་པ་ གཞན་ཡང་འཇིག་རྟེན་འདི་ནང་ མཁས་པའི་མཚན་སྙན་དང༌གྲགས་ཅན་གྱི་མི་སྣ་མང་ཤོ་ཅིག་གིས་ རྩོམ་རིག་ནི་ མཁས་པའི་བྱ་བ་ཀུན་གྱི་ནང་ལས་རབ་དང་དྲག་ཤོ་ཅིག་ཨིནམ་མ་ཚད་ མེད་དུ་མི་རུང་བའི་ཆོས་ཉིད་ཅིག་སྦེ་ངོས་འཛིན་གནང་ནུག།
སྙན་ངག་མཁན་ན་ཅི་ཡང་རྒྱན་ཟེར་བའི་དཔེ་བཟུམ་ རང་གཞན་གཉིས་ཀའི་རྒྱུད་ལུ་ འཆད་རྩོད་རྩོམ་གྱི་ཡོན་ཏན་དང་འཁྲིལ་ བཤད་བརྗོད་འཇུག་གསུམ་གྱི་འདོད་པ་དང་བསམ་བློ་ཚུ་ཁ་གསལ་ ཚིག་བཅད་ཚིག་ལྷུག་དང་སྤེལ་མ་གང་རུང་གི་ཐོག་ལས་ སྙན་ངག་གི་རྒྱན་གྱིས་རྒྱན་ཏེ་ ཉན་པ་པོའི་རྣ་བར་ཧན་ཏོང་ཏོ་སྦེ་ བྲིས་སླབ་འབདཝ་ཨིན། གོང་གི་དོན་དང་འབྲེལ་ རང་ཡང་སྙན་ངག་ལུ་མ་མཁས་རུང་ སྡོད་སའི་གནས་དང་དྲིན་ཅན་གྱི་གོང་མ་རྒྱལཔོ་རིམ་འབྱོན་ དེ་མ་ཚད་ཤེས་རིག་སློབ་གྲའི་ཞིང་དང་མཁས་པའི་སློབ་དཔོན་རྣམས་ལུ་ བཀྲིན་རྗེས་དྲན་ནི་གཤམ་གསལ་ལྟར་ སྙན་རྩོམ་ཚིག་བར་སོ་སོའི་ཐོག་ལས་ སྙན་སྒྲོན་འཕུལཝ་ཨིན་ལགས།
འབྲུག་རྒྱལ་ཁབ་ལུ་བསྟོད་པའི་སྙན་རྩོམ་ ཚིག་བར་དྲུག་མའི་ཤོ་ལོ་ཀ་གསུམ།
༄༅།། གངས་ཆེན་རྭ་བས་བསྐོར་བའི།། འཕགས་མཆོག་འབྲུག་གི་ཞིང་འདིར།།
དགའ་སྐྱིད་འཛོམས་པའི་སྣེ་ན།། སྤྲོ་བའི་རི་མོ་འཁྱིལ་ཡོད།།
Encircled by the series of Mountains
Bhutan, the most holy place where
Peace and happiness being accumulated
Upon which heaped is the zealousness
རྒྱལ་བློན་འབངས་ཀྱི་དམ་ཚིག། དཀར་པོ་སྒྲིབ་མས་མ་འགོས།།
མགྲིན་གཅིག་སྐུད་ལ་རྒྱུད་པས།། ཕུན་ཚོགས་དཔལ་ཡོན་རྒྱས་སོང་།།
The Loyalty of a State and citizen
Never has it got tainted;
As the unity runs deep
Fortunes rise to the perfection
སངས་རྒྱས་བསྟན་པ་འཕེལ་ཞིང་།། བླ་མའི་མཛད་འཕྲིན་རྒྱས་སོང་།།
དཔལ་ལྡན་འབྲུག་གི་གནས་འདི།། ལྷའི་གཡུས་དང་ཁྱད་པར་ཅི།།
Buddha Dharma is on constant flourish
Lama’s service extends far and wide
The glorious Land of thunder dragon
If not haven, what shall it be?

Monday, 30 March 2020

Fish Mint, a Spiced Lunch (Momdreng: local term)

Beeped my phone…“Hi, sorry I went to dig up the root (plant) with my neighbors,” flashed on my mobile screen. As I scrolled down the messages, I saw a picture of the plant that forwarded to me. Alas! I was reconnected to my childhood days for a while. It was something I admit that there are bunches of sweet memories embedded with that plant.


That was a cuckoo cooing period and all the deciduous trees were picking up its enchant with afresh buds of leaves. Grasses were extending their shoots with the gradual proceeding of the spring’s glow. Peach trees were at the helm of its blossoms, and my village was flawlessly adorned with flowers all around. It was a time of the year when every farmer awoke to the break of dawn, it was a time of the season when the earth shudders against the sharp piercing ploughshare and it was also a time of the day when farming wind reverberated to the tune of farming activities.

Following a month of cold beaten weather and quiet air, every rancher in the village hopped upon the agrarian activities. Day turned out to be so busy increasingly laden with various works. So also, my dear mother too ventured into the farming business. I was small then and leave alone my brothers, even my sister wasn’t up to age to help her in any substantive farming-related works. She had to endure a major share of hardships in our family since Dad being "Lam Choep" who can’t practice farming in view of upholding the Buddhist principle of abstaining from harming others (farming comes at the cost of the life of countless insects).  

Getting off the bed at an early call of the rooster was nothing new for us however my mom wakes up much earlier than us all. At the point when the day comes to life with each one adhering to the time in their grasp, some hurried towards the field, others took their animals to meadows while each individual accounted their obligation, I got up relishing the smell of sumptuous meal and breakfasted thereafter which mom got it ready for us. She has likewise packed the lunch including the share of me and my brother. I accompanied mom to the field every day to babysit my youngest brother as he was a child then. For which she required me at her disposal to look after him.

Underneath the broiling sun and in the midst of a dry breeze, the farmers began to furrow, burrow and weed the field. Farming is helped out as a team with neighbors through the principle of reciprocity of their labour force over a specific number of days. I spent my days more often than not, playing with other kids and roaming with piggy bagging my brother along the edge of the field. I took him to mom to get breastfed whenever he cried and else I took shelter beneath the shadow of tall plants and trees.
   
As the Lunchtime moved toward the span of the day I can vividly recall how I rushed towards my mother. I could smell the rice and ezey. That’s a time where I had a good encounter with that plant. Taking advantage of available “Momdrang” grown around the field, mom used to take ezey for lunch instead of curry. Which is even time efficient while preparing lunch against the rush of morning hour and it also serves wonder as an appetizer at the wearing hours of a day. How delectable this root used to be as I savored sitting next to my mom during the lunch break. Those were extremely sweet memory that I can’t overlook across the length of my life. Thank you for sharing this picture which has rekindled my bygone day’s memories.

Saturday, 22 February 2020

Book list (2020)

1. Tibetan Book of Living and Dying.
- Sogyal Rinpoche
00/01/2020

2. China's Inida War
-
21/02/2020

3. Outliers
-Malcolm Gladwell
24/02/2020

4. Chanakya Neeti with Chanakya sutras
Feb 2020

5. The Richest Man in Babylon
-George S. Clason

6. Atomic Habits
-James Clear
March 2020

7. 21 Lessons for the 21st Century
- Yuval Noah Harari
22/03/2020

8.The subtle art of not giving a fuck
-Mark Manson
27/03/2020

9.Zero to One (Notes on Startups or How to build the Future)
-Peter Thiel with Blake Masters
1/04/2020

10.Blink-The power of thinking without thinking
-Malcolm Gladwell
11/04/2020

11. Good to Great
-Jim Collins
21/04/2020

12. Democratic Transition in Bhutan
-Political Contests as Moral Battle
April 2020

13. India and South Asia
-Exploring Regional Perceptions
31/05/2020

14. Belt and Road
-A Chinese World Order
Bruno Macaes 07/06/2030

15. The Great Game in the Buddhist Himalayas. 

India and China's Quest for Strategic Dominance

-Phunchok Stobden. 10/06/2020

16. R.N. Kao, Gentleman Spymaster

-Nitin A. Gokhale, 20/06/2020

17. How Democracies Die: What History reveals about our future

-Steven Levitsky & Daniel Ziblatt, 28/06/2020

18. Prisoners of Geography. Ten maps that tell you everything you need to know about global politucs.

-Tim Marshall, 12/07/2030

19. 25/07/2020

Book by Rastomji

20. Start with Why?

-Simon Sinek 13/08/2020

21. Who Says you can’t? You do

-Daniel Chidiac 23/08/2020

22. Good Economics for Hard Times

- Abhijit V. Banerjee & Esther Duflo (14/09/2020)

23. Monsoon (The Indian Ocean and the future of American power)

-Robert D. Kaplan (16/10/2020)

24. Long Walk to Freedom

- Nelson Mandela (November 2020)

25. Common Sense 

-Thomas Payne (21/12/2020)

26. Rich Dad Poor Dad

-Robert T. Kiyosaki (24/12/2020)

27. The Guru Drinks Bourbon 

- DJK ( 30/12/2020)