Friday, 3 April 2020

སྙན་ངག། ༡༽

ངོ་སྤྲོད།
༄༅།། མཁས་པའི་མཛད་རྣམས་ལ་མུ་མཐའ་མེད་ཅིང༌། ཤེས་བྱའི་རྣམ་གྲངས་ལ་རྫོགས་མཐའ་མེད། ནམ་མཁའི་སྐར་ཚོགས་དང་ཆུ་ཁའི་བྱེ་མ་བཟུམ་གྱི་ཤེས་བྱའི་ཡོན་ཏན་ཤིན་ཏུ་མང་བའི་ནང་ལས། རྩོམ་རིག་འདི་ རྒྱ་ནག་གི་ཀོང་ཙེ་འཕྲུལ་རྒྱལ་གྱིས་ སྙན་ངག་མེད་ན་གཏམ་དུ་བྱ་བ་མེད།། ཟེར་གསུགས་ཡོདཔ་མ་ཚད་ སྙན་ངག་པ་ཙན་དྲ་གོ་མས། གང་ཕྱིར་མཁས་པའི་ལས་གསུམ་ལས།། འཆད་རྩོད་ངག་ལ་མ་ངེས་པ།། སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ།། ཟེར་གསུངས་ནུག། ཤེས་བྱའི་གནས་ལུགས་ལུ་འབད་རྩོན་འབད་མི་ ནང་དོན་རིག་པའི་མཁས་པ་དང་ ཚན་རིག་པ་ གཞན་ཡང་འཇིག་རྟེན་འདི་ནང་ མཁས་པའི་མཚན་སྙན་དང༌གྲགས་ཅན་གྱི་མི་སྣ་མང་ཤོ་ཅིག་གིས་ རྩོམ་རིག་ནི་ མཁས་པའི་བྱ་བ་ཀུན་གྱི་ནང་ལས་རབ་དང་དྲག་ཤོ་ཅིག་ཨིནམ་མ་ཚད་ མེད་དུ་མི་རུང་བའི་ཆོས་ཉིད་ཅིག་སྦེ་ངོས་འཛིན་གནང་ནུག།
སྙན་ངག་མཁན་ན་ཅི་ཡང་རྒྱན་ཟེར་བའི་དཔེ་བཟུམ་ རང་གཞན་གཉིས་ཀའི་རྒྱུད་ལུ་ འཆད་རྩོད་རྩོམ་གྱི་ཡོན་ཏན་དང་འཁྲིལ་ བཤད་བརྗོད་འཇུག་གསུམ་གྱི་འདོད་པ་དང་བསམ་བློ་ཚུ་ཁ་གསལ་ ཚིག་བཅད་ཚིག་ལྷུག་དང་སྤེལ་མ་གང་རུང་གི་ཐོག་ལས་ སྙན་ངག་གི་རྒྱན་གྱིས་རྒྱན་ཏེ་ ཉན་པ་པོའི་རྣ་བར་ཧན་ཏོང་ཏོ་སྦེ་ བྲིས་སླབ་འབདཝ་ཨིན། གོང་གི་དོན་དང་འབྲེལ་ རང་ཡང་སྙན་ངག་ལུ་མ་མཁས་རུང་ སྡོད་སའི་གནས་དང་དྲིན་ཅན་གྱི་གོང་མ་རྒྱལཔོ་རིམ་འབྱོན་ དེ་མ་ཚད་ཤེས་རིག་སློབ་གྲའི་ཞིང་དང་མཁས་པའི་སློབ་དཔོན་རྣམས་ལུ་ བཀྲིན་རྗེས་དྲན་ནི་གཤམ་གསལ་ལྟར་ སྙན་རྩོམ་ཚིག་བར་སོ་སོའི་ཐོག་ལས་ སྙན་སྒྲོན་འཕུལཝ་ཨིན་ལགས།
འབྲུག་རྒྱལ་ཁབ་ལུ་བསྟོད་པའི་སྙན་རྩོམ་ ཚིག་བར་དྲུག་མའི་ཤོ་ལོ་ཀ་གསུམ།
༄༅།། གངས་ཆེན་རྭ་བས་བསྐོར་བའི།། འཕགས་མཆོག་འབྲུག་གི་ཞིང་འདིར།།
དགའ་སྐྱིད་འཛོམས་པའི་སྣེ་ན།། སྤྲོ་བའི་རི་མོ་འཁྱིལ་ཡོད།།
Encircled by the series of Mountains
Bhutan, the most holy place where
Peace and happiness being accumulated
Upon which heaped is the zealousness
རྒྱལ་བློན་འབངས་ཀྱི་དམ་ཚིག། དཀར་པོ་སྒྲིབ་མས་མ་འགོས།།
མགྲིན་གཅིག་སྐུད་ལ་རྒྱུད་པས།། ཕུན་ཚོགས་དཔལ་ཡོན་རྒྱས་སོང་།།
The Loyalty of a State and citizen
Never has it got tainted;
As the unity runs deep
Fortunes rise to the perfection
སངས་རྒྱས་བསྟན་པ་འཕེལ་ཞིང་།། བླ་མའི་མཛད་འཕྲིན་རྒྱས་སོང་།།
དཔལ་ལྡན་འབྲུག་གི་གནས་འདི།། ལྷའི་གཡུས་དང་ཁྱད་པར་ཅི།།
Buddha Dharma is on constant flourish
Lama’s service extends far and wide
The glorious Land of thunder dragon
If not haven, what shall it be?

No comments:

Post a Comment